
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས5ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་གྱི་གྲོས་མོལ་འཐུས་ཚབ་ཚོགས་པས་ཁོར་ཝུའུ་ཁི་ལན་དང་ཨ་མེ་རི་ཁ། ཨུ་རུ་སི་བཅས་ཕྱོགས་གསུམ་གྱིས་ཨ་པུའུ་ཀྲ་པུས་ཀྱི་དུས་ཡུན་གཉིས་རིང་གི་གྲོས་མོལ་གནས་ཚུལ་སྙན་ཞུ་བྱས་པ་དང་། སྐོར་ཐེངས་རྗེས་མའི་གྲོས་མོལ་དེ་ཉེ་སྔོན་སྤེལ་རྩིས་ཡོད་པ་དང་། ས་གནས་ནི་ཨ་མེ་རི་ཁ་ཡིན་ཡང་སྲིད་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཁོས་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཁོར་གྲོས་མོལ་གྱི་གནས་ཚུལ་མ་ལུས་སྙན་ཞུ་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ལ། ཕྱོགས་མང་བོའི་ནང་དོན་ལ་ཁ་པར་ལ་གྲོས་མོལ་བྱེད་པར་སྟབས་བདེ་མིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།