ཕྱི་འབྲེལ་པུའུ་ཡིས་ཀྲུང་གོའི་སྤྱི་དམངས3000ལྷག་ཙམ་དབྱི་ལིང་ནས་ཕྱིར་འཐེན་བྱས།
ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས།

ཟླ3པའི་ཚེས2ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་། པེ་ཅིང་གི་དུས་ཚོད་ཟླ3པའི་ཚེས2ཉིན་བར་ཀྲུང་གོའི་སྤྱི་དམངས3000ལྷག་ཙམ་དབྱི་ལིང་ནས་ཕྱིར་འཐེན་བྱས་ཟིན་ཞེས་བཤད། དབྱི་ལིང་གི་མཐའ་འཁོར་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བྱ་བའི་ཚན་ཆུང་མངགས་ནས་འགག་སྒོ་ནས་སྣེ་ལེན་བྱས་ཏེ་དབྱི་ལིང་ནས་ཕྱིར་འཐེན་བྱས་པའི་ཀྲུང་གོའི་སྤྱི་དམངས་ལ་གཞོགས་འདེགས་བྱས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།