
ཚེས2ཉིན། དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ལ་ལི་ཅ་ཉི་ཡིས་དབྱི་ལིང་གིས་ཨ་རི་དང་གྲོས་མོལ་བྱེད་མི་སྲིད་ཅེས་བཤད།
ལ་ལི་ཅ་ཉི་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་འབྲེལ་ཡོད་གནས་ཚུལ་སྤེལ་བར་གཞིགས་ནས་གོང་གི་རྣམ་འགྱུར་དེ་བསྟན་པ་རེད། སྨྱན་བྱད་དེས་གནས་ཚུལ་སྤེལ་ནས་ལ་ལི་ཅ་ཉི་ཡིས་བར་མི་བརྒྱུད་ནས་ཨ་རི་དང་ཡང་བསྐྱར་གྲོས་མོལ་བྱེད་པའི་གྲོས་གཞི་བཏོན་ཡོད་པར་བཤད།
ལ་ལི་ཅ་ཉི་ཡིས་སྦྱར་ཡིག་གཞན་ཞིག་གི་ནང་དུ་བཤད་རྒྱུར། ཨ་རིའི་སྲིད་འཛིན་ཐིང་ལིང་ཕུའུ་ཡིས་དབུས་ཤར་ས་ཁུལ་དེ་རྙོག་འཛིང་གི་ལམ་ཞིག་རུ་བསྐྱོད་པའི་སྟོང་བསམ་རྒྱག་བཞིན་ཡོད་པ་དང་། ད་ལྟ་ཁོས་ཨ་རིའི་དམག་མི་དེ་ལས་མང་པོར་ཤི་རྨས་ཡོང་བར་སེམས་ཁྲལ་ཡང་བྱེད་བཞིན་ཡོད། ཐི་ལིང་ཕུའུ་ཡིས་དབྱི་སི་རལ་ཨ་རི་དང་འདྲ་བར་བསྒྱུར་ཆེད་དུ་ཨ་རིའི་དམག་མི་བློས་གཏོང་དངོས་པོར་འགྱུར་བར་བྱས་ཡོད་ཅེས་བཤད་ཡོད།
ལ་ལི་ཅ་ཉི་ཡིས་དབྱི་ལིང་གིས་རང་ཉིད་སྲུང་སྐྱོབ་བྱེད་བཞིན་ཡོདཔ་ལས་དབྱི་ལིང་གི་དྲག་ཆས་དམག་དཔུང་གིས་གཞན་ལ་བཙན་འཛུལ་བྱས་མེད་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།