ཨ་མེ་རི་ཁས་ཡང་བསྐྱར་དགོས་མཁོ་ཆེར་མེད་པའི་སྲིད་གཞུང་གི་མི་སྣ་དག་སོ་ཏི་ཨ་རབ་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

སོ་ཏི་ཨ་རབ་ཏུ་སྡོད་པའི་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཚེས9ཉིན་གསལ་སྒྲོག་སྤེལ་ཏེ། བདེ་འཇགས་ཉེན་ཁ་ཡོད་པའི་དབང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས8ཉིན་དགོས་མཁོ་ཆེར་མེད་པའི་སྲིད་གཞུང་གི་མི་སྣ་དག་སོ་ཏི་ཨ་རབ་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།

གསལ་སྒྲོག་ལས་བཤད་རྒྱུར། ལས་གནས་སྲུང་བའི་དགོས་མཁོ་ཆེར་མེད་པའི་ལས་བྱེད་མི་སྣ་དག་རང་ཁྱིམ་ནས་ཉེན་གཡོལ་བྱེད་པའི་བྱེད་ཐབས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། སོ་ཏི་ཨ་རབ་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དང་ཙེ་ཧི་ལན་དུ་སྡོད་པའི་གཞུང་ཚབ་ཁང་དུ་འགྲོ་མི་རུང་བའི་གྲོས་གཞི་བཏོན།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཨ་མེ་རི་ཁའི་སྤྱི་དམངས་དག་ཚོང་དོན་གནམ་གྲུར་བསྡད་དེ་སོ་ཏི་ཨ་རབ་དང་འབྲལ་བར་བསམ་བློ་ནན་མོ་གཏོང་དགོས་པའི་གྲོས་གཞི་བཏོན། གལ་ཏེ་ཁ་མི་འབྲལ་བའི་གདམ་གསེས་བྱས་ན། བདེ་འཇགས་ཀྱི་གནས་སུ་ཉེན་གཡོལ་བྱེད་དགོས་པར་མ་ཟད། དགོས་ངེས་ཀྱི་འཚོ་བའི་མཁོ་དངོས་གསོག་འཇོག་བྱས་ཏེ་གང་ནུས་ཀྱིས་རང་ཁྱིམ་གྱི་སྒེའུ་ཁུང་དང་རིང་བའི་གནས་སུ་སྡོད་དགོས་ཟེར།

ཨ་མེ་རི་ཁའི་དུས་ཚོད་ཚེས3ཉིན་གྱི་ནམ་གུང་། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱིར་འཐེན་བཀའ་རྒྱ་སྤེལ་ཏེ། སོ་ཏི་ཨ་རབ་ཏུ་ཡོད་ཅིང་དགོས་མཁོ་ཆེར་མེད་པའི་སྲིད་གཞུང་གི་མི་སྣ་དང་དེའི་ཁྱིམ་མི་དག་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་པ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།