
འཇར་པན་གྱི་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་མའོ་མུའུ་མེན་ཁྲུང་གིས་ཚེས9ཉིན་གྱི་དགོང་མོར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ལ་ཁ་པར་བཏང་སྟེ། དབྱི་ལིང་ཕྱོགས་ཀྱི་འགུལ་སྐྱོད་ལ་རྒོལ་གཏམ་བཏང་བར་མ་ཟད། དབྱི་ལིང་ཕྱོགས་ཀྱིས་ཉེ་སྔོན་བཀག་འཇུག་བྱས་པའི་འཇར་པན་གྱི་སྤྱི་དམངས་གཉིས་མྱུར་མོར་ཕྱིར་གཏོང་དགོས་པའི་རེ་བ་བཏོན།
ཕྱི་འབྲེལ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཁ་པར་གྲོས་མོལ་གྱི་ནང་དོན་ལྟར་ན། འཇར་པན་གྱིས་དབྱི་ལིང་གིས་མཚོ་ཁུགས་རྒྱལ་ཁབ་ཀྱི་དམངས་སྤྱོད་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་དང་ཧའོ་ཨར་མུའུ་ཙི་མཚོ་འགག་གི་འགྲུལ་བཞུད་རང་དབང་དང་བདེ་འཇགས་ལ་འཇིགས་ཉེན་བཟོས་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། དབྱི་ལིང་གིས་མྱུར་མོར་འབྲེལ་ཡོད་འགུལ་སྐྱོད་མཚམས་འཇོག་དགོས་པའི་རེ་བ་བཏོན། དེའི་ཞོར་དུ་འཇར་པན་ཕྱོགས་ཀྱིས་ད་རུང་དབྱི་ལིང་གིས་རང་གི་མངའ་ཁོངས་ནས་བཀག་འཇུག་བྱས་པའི་འཇར་པན་གྱི་སྤྱི་དམངས་གཉིས་མྱུར་མོར་ཕྱིར་གཏོང་དགོས་པ་དང་། དབྱི་ལིང་དུ་སྡོད་པའི་འཇར་པན་སྤྱི་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།