
ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས11ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་མི་དམངས་མཚོ་དམག་གི་ཚོས་ཞན་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་ཀྱི་འཐབ་འཁྲུག་བེད་སྤྱོད་དཔྱད་འཇོག་ཚོད་ལྟ་མུ་མཐུད་དུ་སྤེལ། གྲུ་གཟིངས་དེས་ཚེས10ཉིན་ཡང་བསྐྱར་འཐབ་ཇུས་ཀྱི་སྐོར་སྐྱོད་འཕུར་མདའ་འགའ་གཏོང་འཕེན་ཚོད་ལྟ་བྱས། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་བརྙན་རིས་བརྒྱུད་དེ་ཚོད་ལྟའི་གནས་ཚུལ་ལ་ལྟ་སྦྱོང་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།