
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས10ཉིན་བསྟན་དོན། དབྱི་ལིང་གིས་ཧའོ་ཨར་མུའུ་ཙི་མཚོ་འགག་ཏུ་ཆུ་འོག་འགད་རྫས་བཀོད་སྒྲིག་བྱེད་མི་རུང་བའི་འཇིགས་སྐུལ་བྱས་པ་དང་། ཨ་མེ་རི་ཁས་དབྱི་ལིང་གི་ཆུ་འོག་འགད་རྫས་བཀོད་སྒྲིག་བྱེད་པའི་གྲུ་གཟིངས་བཅུ་གཏོར་བཤིག་བཏང་ཡོད་པའི་ཚུལ་བསྟན།
ཐི་ལིང་ཕུའུ་ཡིས་བཤད་རྒྱུར། གལ་ཏེ་དབྱི་ལིང་གིས་ཧའོ་ཨར་མུའུ་ཙི་མཚོ་འགག་ཏུ་ཆུ་འོག་འགད་རྫས་བཀོད་སྒྲིག་བྱས་ན། སྔར་མེད་ཀྱི་དམག་དོན་མཇུག་འབྲས་འབྱུང་སྲིད་ཟེར། ཁོས་ད་རུང་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཧའོ་ཨར་མུའུ་ཙི་མཚོ་འགག་ཏུ་ཆུ་འོག་འགད་རྫས་བཀོད་སྒྲིག་བྱེད་འདོད་པའི་གྲུ་གཟིངས་གང་ཡིན་ཡང་གཏོར་བཤིག་གཏོང་ངེས་ཡིན་ཟེར།
སྐར་མ་བཅུ་གསུམ་ཙམ་གྱི་རྗེས་སུ་ཐི་ལིང་ཕུའུ་ཡིས་ཡང་བསྐྱར་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་འདས་པའི་དུས་ཚོད་འགའི་ནང་འགུལ་མེད་དུ་གནས་པའི་དབྱི་ལིང་གི་ཆུ་འོག་འགད་རྫས་བཀོད་སྒྲིག་བྱེད་པའི་གྲུ་གཟིངས་བཅུ་གཏོར་བ་དང་། དེའི་འབྲེལ་ཡོད་ཀྱི་འགུལ་སྐྱོད་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར།
ཚེས10ཉིན། ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་ཧའོ་ཨར་མུའུ་ཙི་མཚོ་འགག་ཉེ་འདབས་སུ་དབྱི་ལིང་མཚོ་དམག་གི་དམག་གྲུ་མང་བོར་གཏོར་བཤིག་བཏང་བ་དང་། དེའི་ནང་ཆུ་འོག་འགད་རྫས་བཀོད་སྒྲིག་བྱེད་པའི་གྲུ་གཟིངས16འདུས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།