ཕུའུ་ཅིན་དང་དབྱི་ལིང་གི་སྲིད་འཛིན་གྱིས་ཡང་བསྐྱར་ཁ་པར་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས10ཉིན་དབྱི་ལཞིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་དབྱི་སི་རལ་དང་ཨ་མེ་རི་ཁས་དབྱི་ལིང་ལ་བཙན་འཛུལ་བྱས་པ་ལས་བྱུང་བའི་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།

ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་མྱུར་མོར་གནས་བབ་ཞི་འཇགས་སུ་གཏོང་བ་དང་། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་འཁྲུག་རྩོད་གནས་བབ་ཐག་གཅོད་བྱེད་པའི་རྩ་དོན་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་བསྒྲགས་བྱས། ཕའེ་ཙེ་ཞི་ཆི་དབྱང་གིས་ཨུ་རུ་སི་ཡིས་དབྱི་ལིང་ལ་རྒྱབ་སྐྱོར་བྱས་པ་དང་། ཁྱད་པར་དུ་དབྱི་ལིང་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས།

བསོད་ནམས་ཚེ་རིང་གིས་བསྒྱུར།