ཐུར་ཁེའི་སྲིད་འཛིན་གྱིས་གང་མགྱོགས་སྒོས་དབྱི་ལིང་གི་འཐབ་འཁྲུག་མཇུག་སྒྲིལ་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཐུར་ཁེའི་སྲིད་འཛིན་ཨེ་ཨར་ཏའོ་ཨན་གྱིས་ཚེས11ཉིན་གང་མགྱོགས་སྒོས་དབྱི་ལིང་གི་འཐབ་འཁྲུག་མཇུག་སྒྲིལ་ནས། འཐབ་འཁྲུག་གིས་ས་ཁུལ་ཧྲིལ་བོར་ཤུགས་རྐྱེན་ཐེབས་པར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་སྲིད་འཛིན་ཏང་དྲང་བདེན་དང་འཕེལ་རྒྱས་ཏང་གི་གྲོས་ཁང་ཏང་ཚོགས་ཀྱི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ང་ཚོས་བཟོད་བསྲན་ཆེན་པོས་མུ་མཐུད་དུ་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ཕྱོགས་སོ་སོ་ཡང་བསྐྱར་གྲོས་མོལ་ལ་ཞུགས་པར་སྐུལ་འདེད་གཏོང་བཞིན་ཡོད། གལ་ཏེ་དབྱི་ལིང་གི་འཐབ་འཁྲུག་མུ་མཐུད་དུ་སྤེལ་ན། སྔར་ལས་མང་བའི་ཚེ་སྲོག་དང་རྒྱུ་ནོར་གྱི་གྱོང་གུད་འབྱུང་སྲིད་པ་དང་། གོ་ལ་ཧྲིལ་བོའི་དཔལ་འབྱོར་གྱོང་གུད་ཀྱང་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

ཚེས11ཉིན་ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་དབྱི་ལིང་ལ་དམག་དོན་ཆམ་ཕབ་བཏང་ནས་ཉིན12འགོར་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།