ཨུ་རུ་སིའི་སྲིད་འཛིན་གྱི་དམིགས་བསལ་འཐུས་མིས་ཧྥོ་ལོ་ལི་ཏཱ་མངའ་སྡེ་ནས་ཨ་མེ་རི་ཁའི་འཐུས་མིའི་བར་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་ཐཱ་སི་གསར་འགྱུར་ཁང་གིས་ཚེས11ཉིན་བསྒྲགས་པ་ལྟར་ན། གནས་ཚུལ་ཤེས་མཁན་གྱིས་བདེན་དཔང་བྱས་དོན། ཨུ་རུ་སིའི་སྲིད་འཛིན་གྱི་དམིགས་བསལ་འཐུས་མི་ཏི་མུས་ཐི་ལི་ཡེ་ཧྥུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏཱ་མངའ་སྡེ་ནས་ཨ་མེ་རི་ཁའི་འཐུས་མིའི་བར་གྲོས་མོལ་བྱས།

ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་བསྒྲགས་པ་ལྟར་ན། ཏི་མུས་ཐི་ལི་ཡེ་ཧྥུའུ་ཡིས་ཧྥོ་ལོ་ལི་ཏཱ་མངའ་སྡེ་ནས་ཐི་ལིང་ཕུའུ་སྲིད་གཞུང་གི་དཔོན་རིགས་དང་གྲོས་མོལ་བྱེད་བཞིན་ཡོད་པ་དང་། ནང་དོན་གཙོ་བོ་ནི་ཨ་མེ་རི་ཁ་དང་ཨུ་རུ་སིའི་དཔལ་འབྱོར་མཉམ་ལས་ཐད་གཅིག་འདུས་བྱས་ཡོད་ཟེར།

ཏི་མུས་ཐི་ལི་ཡེ་ཧྥུའུ་ནི་ཨུ་རུ་སིའི་ཐད་ཀར་དངུལ་གཏོང་ཐེབས་རྩའི་ཙུང་ཚེ་དང་། ཕྱི་ཕྱོགས་དངུལ་གཏོང་དང་དཔལ་འབྱོར་མཉམ་ལས་ལས་དོན་གྱི་འགན་ཁུར་བའི་སྲིད་འཛིན་གྱི་དམིགས་བསལ་འཐུས་མི་ཡིན་ལ། དེའི་སྔོན་ཐེངས་མང་བོར་ཨ་མེ་རི་ཁའི་སྲིད་འཛིན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་སོགས་ཨ་མེ་རི་ཁའི་འཐུས་མི་དང་མཉམ་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་ཕྱི་འབྲེལ་གྱི་འཕེལ་རིམ་ཐད་ནས་གྲོས་མོལ་བྱས་མྱོང་།

བསོད་ནམས་ཚེ་རིང་གིས་བསྒྱུར།