རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོར་བརྟན་ལྷིང་དང་ཡིད་ཆེས་བསྩལ་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཐུབ་པར་རེ་སྒུག་བྱས་ཡོད་པར་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

རྒྱལ་སྤྱིའི་མི་སྣ་དང་སྨྱན་སྦྱོར་གྱིས་ཀྲུང་གོའི་ཚོགས་ཆེན་གཉིས་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོས་རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་གོ་ལ་ཧྲིལ་པོར་བརྟན་ལྷིང་དང་ཡིད་ཆེས་བསྩལ་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་རེ་སྒུག་བྱས་ཡོད་པར་བསྟན།

ཨུ་རུ་སུའི་རྒྱལ་ཁབ་ཀྱི་ཏུའུ་མ་གྲོས་ཁང་ཞོལ་མའི་རྒྱལ་སྤྱིའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་དང་པོ། ཏེ་སྨི་ཐེ་ལི·ནུའོ་ཝེ་ཁོ་ཧྥུའུ་ཡིས་བཤད་རྒྱུར། ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལ་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད།

ཀྲུང་གོའི་འགོ་ཁྲིད་པས་བསམ་གཞིགས་ཟབ་མོས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འཕྲད་པའི་གནད་དོན་གསར་པ་ཐག་གཅོད་བྱེད་པར་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད། དུས་ཡུན་རིང་པོའི་ནང་ཀྲུང་གོའི་ལོ་ལྔའི་འཆར་འགོད་ཀྱིས་ནུས་པ་བླ་ལྷག་ཐོན་ཡོད་དེ། དཔལ་འབྱོར་ནུས་མཐོ་སྒོས་འཕེལ་རྒྱས་སོང་བ་མ་ཟད་དེས་གྲུབ་འབྲས་ཀྱིས་དམངས་ཡོངས་ལ་ཕན་པར་བྱས་ཡོད། འཛམ་གླིང་ཡོངས་སུ་ཟིང་ཆ་ཆེ་བའི་གནས་བབ་འོག ཀྲུང་གོས་གཟབ་བརླིང་བརྟན་གསུམ་གྱི་འཕེལ་རྒྱས་ལ་བརྟེན་ནས་ཕྱི་ཕྱོགས་ཀྱི་འགྲན་སློང་ལ་གདོང་གཏོད་པར་ལེགས་འགྲུབ་བྱུང་ཡོད་པ་རེད། ད་ལྟ་ཀྲུང་གོ་སྔར་བས་མ་ལག་རང་བཞིན་དང་སྲ་བསྟན་གྱི་གོམ་སྟབས་ཐོག་ནས་མུ་མཐུད་དུ་མདུན་སྐྱོད་བྱེད་བཞིན་ཡོད།

ཧང་ག་རིའི་ཧང་ག་རི་དང་ཀྲུང་གོའི་མཛའ་མཐུན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ན་ཅི·ཡིའུ་ཏི་ཐེ་ཡིས་བཤད་རྒྱུར། ཀྲུང་གོའི་འཕེལ་རྒྱས་ནི་ལོ་ལྔའི་འཆར་འགོད་བསྟུད་མར་སྒྲིག་བཟོ་དང་ལག་བསྟར་ནུས་ལྡན་བྱས་པ་ལས་བྱུང་བ་དང་། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། གྲངས་འཛིན་ཅན་དང་ལྗང་མདོག་ཅན་གྱི་ཚུལ་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དགོངས་པས་ཕྱོགས་མང་པོའི་ཐད་ནས་འཛམ་གླིང་གིས་དཔྱད་གཞིར་འཛིན་རུང་བའི་ཉམས་མྱོང་འདོན་སྤྲོད་བྱས་ཡོད། དེ་ནི་དེང་སྐབས་གོ་ལ་ཧྲིལ་པོའི་དུས་བབ་ཟང་ཟིང་གི་འོག་ཏུ་ཤིན་ཏུ་རྩ་ཆེ། གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་པོས་ཀྲུང་གོར་དོ་ཁུར་བྱས་ནས། དཔལ་འབྱོར་འཕར་སྣོན་དང་སྤྱི་ཚོགས་བརྟན་ལྷིང་། དམངས་འཚོ་ལེགས་བཅོས་ཀྱི་འཕེལ་རྒྱས་རྣམ་པ་ཞིག་འཚོལ་བཞིན་ཡོད།

མོ་ཞི་ཁོའི་རྒྱལ་བཙུགས་རང་སྐྱོང་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་དགེ་རྒན་ཆེན་མོ་ཨེན་ལི་ཁེ·ཏུའུ་སེར་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཚན་རྩལ་མཐོ་བའི་ཁྱབ་ཁོངས་སུ་ཀྲུང་གོར་གྲུབ་འབྲས་མངོན་གསལ་ཐོབ་ཡོད། དེ་ནི་ཀྲུང་གོའི་ཚོགས་ཆེན་གཉིས་ཀྱི་སྟེང་ནས་མཐོང་ཐུབ་པ་ཞིག་རེད ། ཚན་རྩལ་གསར་གཏོད་ཁྱབ་ཁོངས་སུ་ཀྲུང་གོས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་པ་མ་ཟད། ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་གསར་པ་ཐོབ་པར་དེ་ལས་སྐུལ་འདེད་གཏོང་བཞིན་ཡོད། མི་ཐབས་རིག་ནུས་དང་གློག་སྒུལ་རླངས་འཁོར། ནཱ་སྨི་ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་སུ་ཀྲུང་གོ་ད་ལྟ་སྣེ་ཁྲིད་པ་ཞིག་ཏུ་འགྱུར་བཞིན་ཡོད། མ་འོངས་པའི་ལོ་ལྔའི་ནང་དུ་ཀྲུང་གོ་མུ་མཐུད་དུ་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དུ་གོམ་སྟབས་བརྟན་པོས་མདུན་དུ་བསྐྱོད་ངེས།

ལུའུ་ཐི་གསར་འགྱུར་ཁང་གིས་ཀྲུང་གོའི་ཚན་རྩལ་གསར་གཏོད་ལ་དོ་སྣང་བྱས་ནས། ཀྲུང་གོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ནང་ཀླད་འཕྲུལ་མཐུད་སྣེ་དང་ཚད་རྡུལ་ཚན་རྩལ། ལུས་ལྡན་རིག་ནུས། སྤོ་སྒུལ་འཕྲིན་གཏོང་རབས་དྲུག་པ་སོགས་མཉམ་དུ་གཙོ་གནད་ཀྱི་མ་འོངས་ཐོན་ལས་ནང་བཅུག་ཡོད། ཀྲུང་གོ་ཁྱབ་ཁོངས་འདི་ནས་ཧ་ཅང་མགྱོགས་པའི་འཕེལ་རྒྱས་འབྱུང་བཞིན་ཡོད་ཚུལ་བསྟན།

ཨ་རིའི《ཡོ་རོབ་དང་ཨེ་ཤེ་ཡའི་དཔྱད་བརྗོད》དྲ་ཚིགས་ཀྱི་དཔྱད་བརྗོད་རྩོམ་ཡིག་ནང་། ཀྲུང་གོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱ་རྒྱུ་ཡིན་པས་ད་ལོའི་ཀྲུང་གོའི་ཚོགས་ཆེན་གཉིས་ལ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན། ཀྲུང་གོའི་འཕེལ་རྒྱས་གཏོང་སྟངས་གསར་པ་ནི་ལས་ཆོད་དང་། གསར་གཏོད། དམངས་འཚོ་བདེ་སྐྱིད་བཅས་ལ་དམིགས་ཡོད།

ཕཱ་ཁི་སི་ཐན་གྱི《སྐར་མ་རེའི་མེ་ལོང་ཚགས་པར་》གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། འགན་འཁྲི་འཁུར་བ་བཅས་ཀྱི་དངུལ་རྩའི་དོ་དམ་དང་སྒོ་དབྱེ་མཉམ་ལས་བྱེད་པའི་དམིགས་ཡུལ་ནི་རང་ངོས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ཙམ་མིན་པར། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུའང་ཡིན།

ཁ་རེ་ཤེ་ཡའི《སི་ལ་ཝོ་ཉི་ཡའི་སྒྲ》ཞེས་པའི་ནང་དུ། ཚོགས་ཆེན་གཉིས་ནི་ཀྲུང་གོས་གཅིག་སྡུད་ཐོག་སྲིད་ཇུས་ཀྱི་བརྡ་རྟགས་གཏོང་བའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན་པས་དམངས་ཀྱི་འདོད་བློ་གཅིག་སྡུད་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་གི་ལས་ཆོད་ཆེ་རུ་གཏོང་བཞིན་ཡོད།