ཀའོ་ཧྲིན་སྡེ་ཚོགས་ཀྱིས་ཨ་རིའི་དཔལ་འབྱོར་འཕར་ཚད་དེ་སྔོན་དཔག་ལས་མར་ཆག་པར་བཤད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་རིའི་ནོར་སྲིད་སྨྱན་སྦྱོར་ཁྲོམ་ར་ལྟ་ཞིབ་དྲ་ཚིགས་ཀྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་རྒྱུར། མིག་སྔར་དབུས་ཤར་དམག་འཐབ་ཀྱི་ ཤུགས་རྐྱེན་གྱི་དབང་གིས།   ཀའོ་ཧྲིན་སྡེ་ཚོགས་གོ་ལ་ཧྲིལ་བོའི་དངུལ་གཏོང་ཞིབ་འཇུག་སྡེ་ཁག་གིས་གསར་དུ་སྤེལ་བའི་སྙན་ཞུ་ལས་ཉིས་སྟོང་ཉེར་དྲུག་ལོའི་ཨ་རིའི་དཔལ་འབྱོར་འཕར་ཚད་དེ་སྔོན་ཆད་ཀྱི་བརྒྱ་ཆའི་གཉིས་དང་གྲངས་ཆུང་བརྒྱད་ནས་བརྒྱ་ཆའི་གཉིས་དང་གྲངས་ཆུང་དྲུག་མར་ཆག་ཡོད།  

ཀའོ་ཧྲིན་སྡེ་ཚོགས་ཀྱི་དཔལ་འབྱོར་རིག་པའི་ཆེད་མཁས་པས་བཤད་རྒྱུར། གལ་ཏེ་དབུས་ཤར་གྱི་དམག་འཁྲུག་དུས་ཡུན་ཇེ་རིང་ཏུ་མ་སོང་ཚེ། ཨ་རིའི་དཔལ་འབྱོར་འཕར་ཚད་གྱི་ཉེན་ཁ་ཇེ་ཆུང་དུ་འགྲོ་སྲིད་ཟེར།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།