
ཨ་རིའི་ཉིག་སྐབས་དོན་འགྱུར་ཚགས་པར་གྱིས་ཚེས་བཅུ་གཉིས་ཉིན་བཀོད་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་དབྱི་ལིང་གིས་ཧོ་ཨར་མུའུ་ཚི་མཚོ་འགག་ཏུ་ཆུ་འོག་འགད་རྫས་བཞག་ཡོད་པར་བཤད་་སྐྱང་དབྱི་ལིང་གིས་དོན་དེ་ཁས་ལེན་མ་བྱས།
གནས་ཚུལ་སྤེལ་བ་ལས་ཨ་རིའི་གནས་ཚུལ་ཤེས་མཁན་གྱི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་ནས། ཨ་མེ་རི་ཁའི་དམག་མིས་དབྱི་ལིང་གི་མཚོ་དམག་གི་དམག་གྲུ་ཆེན་པོ་གཏོར་ནའང་། ཚེས་བཅུ་གཉིས་ཉིན་ནས་བཟུང་དབྱི་ལིང་གིས་དམག་གྲུ་ཆུང་བ་དག་གི་སྟེང་དུ་ཆུ་འོག་འགད་རྫས་བཀོད་སྒྲིག་བྱས་འདུག་ཟེར།
ཨ་རིའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཨ་རིའི་དམག་དཔུང་གིས་དབྱི་ལིང་གི་དམག་གྲུ་ཆེ་བ་དགུ་བཅུ་ལྷག་ལ་གཏོར་སྐྱོན་བཟོས་པ་དང་། དེའི་ཁྲོད་ཆུ་འོག་འགད་རྫས་བཞག་ཡོད་པའི་དམག་གྲུ་སུམ་ཅུ་ལྷག་འདུག་ཟེར།
དབྱི་ལིང་དབྱི་ལི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལཱ་ཝན་ཆིས་ཀྱིས་ཉིན་དེར་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱས་སྐབས་བསྟན་དོན། དབྱི་ལིང་གིས་རྒྱལ་ཁབ་ཁ་ཤས་ཀྱི་མཚོ་གྲུ་ཧོ་ཨར་མུའུ་ཚི་མཚོ་འགག་ཏུ་སོང་ཆོག་པར་བྱས་ཡོད་མོད། མཚོ་འགག་ཏུ་ཆུ་འོག་འགད་རྫས་བཞག་མེད་ཟེར།
དབྱི་ལིང་གི་གསར་ཏུ་འགན་འཁུར་བའི་ཆེས་མཐོ་འགོ་ཁྲིད་མུའུ་ཅེ་ཐ་པ་ཧྭ་མེ་ནེ་དབྱི་ཡིས་ཚེས་བཅུ་གཉིས་ཉིན་གསལ་བསྒྲགས་སྤེལ་ནས། དབྱི་ལིང་གིས་དགྲ་ཤ་ལེན་པ་སྐྱུར་མི་སྲིད། མུ་མཐུད་དུ་ཧོ་ཨར་མུའུ་ཚི་མཚོ་འགག་བཀག་འགོག་བྱེད་པའི་ཐབས་ལམ་དེ་སྤྱོད་རྒྱུ་ཡིན་ཟེར།
ཉིག་ཡོག་སྐབས་དོན་ཚགས་པར་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཨ་མེ་རི་ཁ་དང་དབྱི་སི་སལ་གྱིས་དབྱི་ལིང་ལ་དམག་དོན་འགུལ་སྐྱོད་སྤེལ་པ་ནས་བཟུང་། ཉུང་མཐར་ཡང་སྣུམ་འཁོར་གྲུ་གཟིངས་དང་དངོས་སྐྱེལ་གྲུ་གཟིངས། ཚོང་ཟོག་གྲུ་གཟིངས་བཅས་གྲུ་གཟིངས་བཅུ་དྲུུག་ལ་པོ་སི་མཚོ་འགག་ཏུ་གཏོར་སྐྱོན་ཐེབས་ཡོད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།