དབྱི་ལིང་གིས་རྒྱལ་ཡོངས་མཐུན་སྒྲིལ་གཟའ་འཁོར་བཙུགས་པ་ཁྱབ་སྒྲོག་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས12ཉིན་གནས་ཚུལ་སྤེལ་ཏེ། དབྱི་ལིང་གི་སྲིད་འཛིན་གཞོན་པ་དང་པོ་ཨ་ལེ་ཧྥུའུ་ཡིས་ཉིན་དེར་དབྱི་ལིང་སྲིད་གཞུང་གིས་ཐོན་ལ་ཉེ་བའི་གཟའ་འཁོར་གཅིག་ཏེ་རྒྱལ་ཡོངས་མཐུན་སྒྲིལ་གཟའ་འཁོར་དུ་ཐག་བཅད་པ་ཁྱབ་བསྒྲགས་བྱས།

ཨ་ལེ་ཧྥུའུ་ཡིས་བཤད་རྒྱུར། འདས་པའི་ཉིན་བཅུ་ཕྲག་འགའི་རིང་། དབྱི་ལིང་མི་དམངས་ཀྱིས་ཡང་བསྐྱར་སྟོབས་ཤུགས་ཆེན་པོ་བཏོན་ཏེ་དགྲ་བོའི་གཡོ་ཇུས་མེད་པར་བཏང་། ཁོས་མི་དམངས་རྣམས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་ཁྲོད་ནུས་ལྡན་སྒོས་ཟབ་ཞུགས་བྱེད་རྒྱུ་ནི་རྒྱལ་ཁབ་བདེ་འཇགས་ཀྱི་འགན་སྲུང་གལ་ཆེན་ཞིག་ཡིན་པ་ནན་བཤད་བྱས།

ཨ་ལེ་ཧྥུའུ་ཡིས་རྒྱལ་ཡོངས་ཀྱི་མི་དམངས་རྣམས་རྒྱལ་ཁབ་ཀྱི་སྤྱི་ཚོགས་བྱེད་སྒོའི་ཁྲོད་ཧུར་ཐག་གིས་ཞུགས་ཏེ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། དགྲ་བོའི་བཙན་འཛུལ་ལ་རྡུང་རྡེག་བཏང་ནས། དབྱི་ལིང་གི་བདེ་འཇགས་དང་མ་འོངས་པ་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་ཟླ2པའི་ཚེས28ཉིན་དབྱི་ལིང་ལ་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་ཏེ། དབྱི་ལིང་གིས་དབྱི་སི་རལ་དང་དབུས་ཤར་ས་ཁུལ་གྱི་ཨ་རིའི་དམག་དོན་རྟེན་གཞི་སོགས་ཀྱི་དམིགས་འབེན་ལ་རྡུང་རྡེག་བཏང་།

རིག་འཛིན་སྒྲོལ་མས་བསྒྱུར།