
ཨ་རིའི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་ཚེས12ཉིན་སྤྱི་ཚོགས་སྨྱན་སྦྱོར་སྟེང་གནས་ཚུལ་སྤེལ་ནས་བཤད་རྒྱུར། ཨ་རིའི་བར་སྣང་སྣུམ་སྣོན་འཕྲུལ་ཆས་ཤིག་དབྱི་རག་ནུབ་ཕྱོགས་སུ་སར་ལྷུང་ཟེར།
གནས་ཚུལ་ལས་བཤད་རྒྱུར། སར་ལྷུང་བ་དེ་ནི་KC-135རྟགས་ཅན་གྱི་སྣུམ་སྣོན་འཕྲུལ་ཆས་ཤིག་ཡིན་ལ། རོགས་སྐྱོབ་བྱ་བའི་ཁྲོད་སྔར་བཞིན་བཀོལ་སྤྱོད་བྱེད་བཞིན་ཡོད། དོན་རྐྱེན་དེའི་ཁྲོད་འཕྲུལ་ཆས་གཉིས་ཡོད་ཅིང་། གཅིག་དབྱི་རག་གི་ནུབ་ཕྱོགས་སུ་སར་ལྷུང་བ་དང་གཅིག་བདེ་འཇགས་ངང་སར་བབས་ཡོད་ཟེར།
གནས་ཚུལ་ལས་ད་དུང་བཤད་རྒྱུར། དོན་རྐྱེན་འདི་ནི་དགྲ་བོ་འགོག་རྒོལ་དང་ཡང་ན་དམག་འཐབ་གྲོགས་པོའི་རོགས་རམ་ལས་བྱུང་བ་ཞིག་མིན་ཅེས་བཤད་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།