དབྱི་སི་རལ་གྱིས་ལེ་པ་ནོན་གྱི་ས་ཆ་མང་པོར་འཇབ་རྒོལ་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས12ཉིན་བཤད་རྒྱུར། ལེ་པ་ནོན་གྱི་རྒྱལ་ས་པེ་ལུའུ་ཐི་དང་ལེ་པ་ནོན་ལྷོ་རྒྱུད་དུ་ཡོད་པའི་ཀྲེན་ཀྲུའུ་ཏང་གི་དམིགས་འབེན་ལ་རེས་སྐོར་གསར་པའི་རྡུང་རྡེག་བཏང་། 

ལེ་པ་ནོན་གྱི་སྤྱི་པའི་འཕྲོད་བསྟེན་པུའུ་ཡིས་ཚེས12ཉིན་བསྟན་དོན། ཟླ་འདིའི་ཟླ་སྟོད་ནས་བཟུང་། དབྱི་སི་རལ་ཀྱིས་འཇབ་རྒོལ་ལས་ལེ་པ་ནོན་གྱི་མི687རྐྱེན་ལམ་དུ་ཤོར། ལེ་པ་ནོན་ཀྲེན་ཀྲུའུ་ཏང་གིས་ཚེས12ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་པེ་ལུའུ་ཐི་ལྷོ་འདབས་སོགས་ཀྱི་ས་ཁུལ་ལ་བཙན་འཛུལ་བྱས་པར་རྒོལ་ལན་སློག་ཆེད། དབྱི་སི་རལ་གྱི་མཁའ་དམག་རྟེན་གཞི་ལ་འཇབ་རྒོལ་བྱས།