ཨ་རི་དང་དབྱི་སི་རལ་གྱིས་དབྱི་ལང་གི་གསང་འཕྲིན་ལས་ཁུངས་དང་ཉིང་རྡུལ་ཞིབ་འཇུག་སྒྲིག་ཆས་སོགས་དམིགས་འབེན་ལ་རྡུང་རྡེག་བཏང་ཞེས་བསྟན།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཚེས12ཉིན་ནས་ཚེས13ཉིན་བར། ཨ་རི་དང་དབྱི་སི་རལ་གྱིས་དབྱི་ལང་གི་ས་ཆ་མང་པོར་མུ་མཐུད་དུ་བར་སྣང་འཇབ་རྒོལ་བྱས། ཨ་རི་དང་དབྱི་སི་རལ་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་རི་དང་དབྱི་སི་རལ་དམག་ཕྱོགས་ཀྱིས་དབྱི་ལང་གི་རྒྱལ་ས་ཐེ་ཧེ་རན་དང་དབྱི་ལང་གི་ནུབ་རྒྱུད། དབུས་རྒྱུད་སོགས་ས་ཆ་མང་པོའི་དབྱི་ལང་གི་གསང་འཕྲིན་ལས་ཁུངས་དང་འཕུར་མདེལ་སྒྲིག་ཆས། ཉིང་རྡུལ་ཞིབ་འཇུག་སྒྲིག་ཆས་སོགས་ལ་རྡུང་རྡེག་བཏང་།

དབྱི་ལང་དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་གིས་རིགས་ཨང་མང་བའི་འཕུར་མདེལ་དང་མི་མེད་གནམ་གྲུ་སྤྱད་དེ་པ་རེན་དུ་ཡོད་པའི་ཨ་རིའི་མཚོ་དམག་གི་དམག་གྲུ་རུ་ཁག་ལྔ་པའི་སྤྱི་ཁྱབ་པུའུ་དང་དབྱི་སི་རལ་གྱི་ས་ཆ་མང་པོར་གནས་པའི་དམག་དོན་དམིགས་འབེན་སོགས་ལ་འཇབ་རྒོལ་དྲག་པོ་བྱས་པ་ཁྱབ་བསྒྲགས་བྱས། དབྱི་ལང་སྨྱན་སྦྱོར་གྱིས་དབྱི་རན་གྱི་དབྱི་སི་ལན་གསར་བརྗེའི་སྲུང་དམག་རུ་ཁག་གི་བཀའ་འཛིན་དཔོན་གྱི་བློ་འདྲི་བ་ཅ་པ་ལི་ཡི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། དབྱི་ལང་གིས་དབུས་ཤར་ས་ཁུལ་གྱི་ཨ་རིའི་དམག་དོན་རྟེན་གཞི་དང་བཀོད་འདོམས་པུའུ70%རྩ་གཏོར་བཏང་བ་དང་། ཨ་རི་ཕྱོགས་ཀྱིས་དེའི་ཐད་ལན་བྱིན་མེད།