
དབྱི་ལང་དབྱི་སི་ལན་གསར་བརྗེ་སྲུང་སྐྱོབ་དམག་དཔུང་གིས་ཚེས14ཉིན་གྱི་དགོང་མོར་ཁས་ལེན་ངོ་མ-4ཡི་བྱེད་སྒོའི་རྒོལ་སྟངས51པ་ལག་བསྟར་བྱས་ནས་གཤེར་གཟུགས་དང་སྲ་གཟུགས་འབར་རྫས་འཕུར་མདེལ་གཏོང་འཕེན་བྱས་ཏེ་སོ་ཏི་ཨ་རབ་ཀྱི་ཧེ་ཨར་ཅི་གྲོང་ཁྱེར་དུ་ཡོད་པའི་ཨ་མེ་རི་ཁའི་འཐབ་འཛིང་གནམ་གྲུའི་སྒྲིག་ཆས་རྟེན་གཞིར་འཇབ་རྒོལ་བྱས།
དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལང་དབྱི་སི་ལན་གསར་བརྗེ་སྲུང་སྐྱོབ་དམག་དཔུང་གིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གི་ཧེ་ཨར་ཅི་རུ་ཡོད་པའི་སུའུ་ཏན་རྒྱལ་སྲས་མཁའ་དམག་རྟེན་གཞི་ནས་དབྱི་ལང་ལ་བར་སྣང་འཇབ་རྒོལ་བྱས། རྟེན་གཞི་དེ་ནི་ཨ་མེ་རི་ཁའི་དམག་དཔུང་གི F-35དང F-16གི་འཐབ་འཛིང་གནམ་གྲུའི་སྒྲིག་ཆས་ཀྱི་རྟེན་གཞི་ཡིན་པ་དང་། ཨ་མེ་རི་ཁའི་སྣུམ་སྣོན་འཕྲུལ་ཆས་དང་སྔོན་བརྡའི་འཕྲུལ་ཆས་ཀྱི་རྟེན་གཞི་གཙོ་བོ་ཞིག་རེད།
སོ་ཏི་ཨ་རབ་ཀྱི་རྒྱལ་སྲུང་པུའུ་ཡིས་ཉིན་དེའི་དགོང་མོར་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་བཤད་རྒྱུར། ཧེ་ཨར་ཅི་གྲོང་ཁྱེར་དུ་འཕངས་པའི་འཕུར་མདེལ་དྲུག་བཀག་ནས་གཏོར་གཤིག་བཏང་ཡོད་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།