
ཚེས13ཉིན། དབྱི་ལང་གི་ཏེ་ཧེ་རན་དང་ཁུའུ་མུའུ། ཧྲེ་ལ་ཙེ་སོགས་ས་ཆ་མང་པོར་ཁྲོམ་སྐོར་འདུ་ཚོགས་ཀྱི་བྱེད་སྒོ་སྤེལ་ནས་ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་བཙན་འཛུལ་འགུལ་སྐྱོད་ལ་རྒོལ་གཏམ་བཏང་། དབྱི་ལང་གི་སྲིད་འཛིན་ཕེ་ཙི་ཞིས་ཆི་དབྱང་དང་དབྱི་ལང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ལ་ལི་ཅ་ཉི་སོགས་འདུ་ཚོགས་ནང་ཞུགས་ཡོད། ཉིན་དེར་འདུ་ཚོགས་བྱ་ཡུལ་གྱི་ཉེ་འགྲམ་དུ་འཇབ་རྒོལ་དོན་རྐྱེན་བྱུང་།