
ཚེས17ཉིན་གྱི་དགོང་མོ་ནས་ཚེས18ཉིན་བར། དབྱི་རག་གི་རྒྱལ་ས་པ་ཀེ་ཏའི“ལྗང་ཁུལ”དུ་ཡོད་པའི་དབྱི་རག་ཏུ་སྡོད་པའི་ཨ་རིའི་གཞུང་ཚབ་ཁང་ལ་འཇབ་རྒོལ་གང་མང་ཐེབས། དབྱི་རག་ནང་སྲིད་པུའུ་ཡི་གསར་འགྱུར་མི་སྣས་པ་ཀི་ཏ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འགྲམ་གྱི་ཨ་རིའི་སྒྲིག་བཀོད་ལའང་འཇབ་རྒོལ་ཐེབས་པ་བསྟན། དབྱི་རག་གི་དམངས་དམག་དྲག་ཆས“དབྱི་སི་ལན་འགོག་རྒོལ་རྩ་འཛུགས”ཀྱིས་ཚེས17ཉིན་གྱི་དགོང་མོར་བཤད་རྒྱུར་། ཉིན་དེར་མི་མེད་གནམ་གྲུ་དང་མེ་ཤུགས་འཕུར་མདེལ་སྤྱད་དེ་དབྱི་རག་དང་ཉེ་འཁོར་རྒྱལ་ཁབ་ཀྱི་ཨ་རིའི་དམིགས་འབེན་ལ་འཇབ་རྒོལ་ཐེངས47བྱས།