ཏི་ཧེ་ལན་དང་ཉེ་འདབས་ཞིང་ཆེན་གྱི་གློག་ཤུགས་སྒྲིག་ཆས་ལ་འཇབ་རྒོལ་ཐེབས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལིང་གི་ཧྥ་ཨར་སི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དང་ཉེ་འདབས་ཀྱི་ཨིག་ཨར་པུའུ་ཨར་ཧྲི་ཞིང་ཆེན་གྱི་ས་ཁུལ་མང་བོར་ཚེས29ཉིན་གྱི་དགོང་མོར་ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་ཏེ། སྡེ་ཁུལ་མང་བོར་གློག་ཆད་ཡོད་ལ། མིག་སྔར་ས་ཁུལ་དེ་དག་གི་གློག་ཤུགས་མཁོ་འདོན་སླར་གསོ་བྱུང་ཡོད་ཟེར།

བསྒྲགས་པ་ལྟར་ན། ཏི་ཧེ་ལན་དང་ཨིག་ཨར་པུའུ་ཨར་ཧྲི་ཞིང་ཆེན་གྱི་ས་ཁུལ་སྐོར་ཞིག་ལ་གློག་ཆད་པ་ནི་འགས་གཏོར་ལས་བྱུང་བའི་ཆག་རོས་གློག་ཤུགས་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་ཡིན་ལ། དེའི་ནང་ཨིག་ཨར་པུའུ་ཨར་ཧྲི་ཞིང་ཆེན་གྱི་མཐོ་གནོན་གློག་འདྲེན་གློག་སྡོང་ཞིག་དང་ཏི་ཧེ་ལན་གྱི་གློག་འགྱུར་ས་ཚིགས་ཤིག་འདུས་ཡོད་ཟེར། བསྒྲགས་པ་ལྟར་ན། འཇབ་རྒོལ་དེ་ནི་ཏི་ཧེ་ལན་གྲོང་ཁྱེར་གྱི་ས་ཁུལ་མང་བོར་དམིགས་པ་ཡིན་ལ། སྡོད་དམངས་ཀྱི་ཐོག་ཁང་རེ་འགར་གནོད་པ་ཐེབས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།