ཨུ་རུ་སིའི་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་ཀུང་ཟིས་དབྱི་ལིང་གི་པུའུ་ཧྲི་ཨར་ཉིང་རྡུལ་གློག་འདོན་ས་ཚིགས་ནས་མི198ཕྱིར་འཐེན་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་སྨྱན་བྱད་ཀྱིས་ཚེས4ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་པོ་ལེ་ཧཱ་ཆའོ་ཧྥུའུ་ཡིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། དབྱི་ལིང་གི་པུའུ་ཧྲི་ཨར་གློག་འདོན་ས་ཚིགས་ལ་འཇབ་རྒོལ་ཐེབས་རྗེས། ཀུང་ཟི་དེས་ཉིང་རྡུལ་གློག་འདོན་ས་ཚིགས་དེར་ཡོད་པའི་ལས་བྱེད་མི་སྣ་དག་འགྲུལ་སྐྱེལ་རླངས་འཁོར་ཆེ་བར་སྡོད་དུ་བཅུག་ནས་དབྱི་ལིང་དང་ཨེ་མེ་ནི་ཡཱའི་མཐའ་མཚམས་ས་ཁུལ་དུ་ཕྱིར་འཐེན་བྱེད་མགོ་བརྩམས་པ་དང་། འཆར་གཞི་ལྟར་ན་ཨེ་མེ་ནི་ཡཱའི་རྒྱལ་ས་ཨེ་ལི་ཝུན་ནས་གནམ་གྲུར་བསྡད་དེ་ཕྱིར་ཨུ་རུ་སིར་ལོག་རྩིས་ཡོད། སྐོར་ཐེངས་དང་པོར་ཕྱིར་འཐེན་བྱས་པའི་མི198ཡོད།

ཧཱ་ལེ་ཆའོ་ཧྥུའུ་ཡིས་བསྟན་དོན། ཚེས4ཉིན་གྱི་འཇབ་རྒོལ་དེ་ཉིང་རྡུལ་གློག་འདོན་ས་ཚིགས་ཉེ་འདབས་ཀྱི་འགོག་སྲུང་ས་ཁོངས་ནང་། དབྱི་ལིང་གི་སྤྱི་དམངས་ཤིག་རྐྱེན་ལམ་དུ་ཤོར་ཡོད་ཟེར། ཁོས་བཤད་རྒྱུར། མིག་སྔར་དེ་ནི་བློ་ཡུལ་ལས་འདས་པ་ཞིག་གམ་བསམ་བཞིན་དུ་འཇབ་རྒོལ་བྱས་པ་གང་ཡིན་གསལ་བོར་མི་ཤེས་ཀྱང་། ཉིང་རྡུལ་གློག་འདོན་ས་ཚིགས་ཉེ་འཁོར་གྱི་གནས་བབ་མི་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། ཉིང་རྡུལ་ནུས་པའི་དོན་རྐྱེན་འབྱུང་བའི་ཉེན་ཁ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།