
ཚེས5ཉིན། ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས7ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་བར་དུ་ཞེས་བྲིས་འདུག སྨྱན་སྦྱོར་ཁག་ཅིག་གིས་དེ་ནི་ཐི་ལང་ཕུའུ་ཡིས་དབྱི་ལང་གི་ནུས་ཁུངས་སྒྲིག་ཆས་ལ་གཏོར་བརླག་གཏོང་འཆར་ཡོད་པའི་མཐའ་མའི་དུས་བཅད་སླར་ཡང་ཕྱིར་འགྱངས་བྱས་པ་དང་། སྔོན་གྱི་དུས་བཅད་ལས་ཉིན་གཅིག་གིས་ཇེ་རིང་དུ་བཏང་ཡོད་པར་ངོས་འཛིན་བྱས།
ཉིན་དེའི་སྔ་དྲོའི་སྐབས་སུ། ཐི་ལང་ཕུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས། དབྱི་ཐང་གི་ནུས་ཁུངས་སྒྲིག་ཆས་ལ་གཏོར་བརླག་གཏོང་བའི་དུས་བཅད་གསར་པའི་སྐོར་གླེང་ཡོད། ཁོས་སྦྱར་ཡིག་ཁྲོད་བཤད་རྒྱུར། ཟླ4པའི་ཚེས7ཉིན་ནི་དབྱི་ལང་གི་གློག་འདོན་ཁང་གི་ཉིན་མོ་དང་ཟམ་ཆེན་གྱི་ཉིན་མོ་ཡིན་ཟེར་ཞོར། ཨ་རིས་ཡང་བསྐྱར་དབྱི་ལང་གི་གློག་འདོན་ཁང་དང་ཟམ་ཆེན་ལ་འབར་མདེལ་འཕེན་རྒྱུ་ཡིན་པར་ལྐོག་བརྡ་བཏང་། གཞན་ཡང་ཐི་ལང་ཕུའུ་ཡིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གལ་སྲིད་དབྱི་ལང་གིས་ཨ་རི་དང་གང་མགྱོགས་ངང་གྲོས་མཐུན་མ་བཞག་ཚེ། ཁོས“ཡོད་ཚད་གཏོར་རྒྱུ”དང “རྡོ་སྣུམ་གྱི་དབང་ཆ་འཕྲོག་རྒྱུར”བཀའ་ཕབ་རྒྱུ་ཡིན་ཟེར།
ཟླ3ཚེས26ཉིན། ཐི་ལང་ཕུའུ་ཡིས་དབྱི་ལང་གི་ནུས་ཁུངས་སྒྲིག་ཆས་ལ་གཏོར་བརླག་གཏོང་བའི་སྦྱོར་བ་དེ་ཉིན་བཅུའི་རིང་ཕྱིར་འགྱངས་བྱ་རྒྱུ་དང་། དུས་བཅད་དེ་ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཟླ4པའི་ཚེས6ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་བར་སྣུར་རྒྱུ་ཁྱབ་སྒྲོག་བྱས། འདི་ནི་ཐི་ལང་ཕུའུ་ཡིས་ཐེངས་གཉིས་པར་དུས་བཅད་ཕྱི་སྣུར་བྱས་པ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།