དབྱི་ལང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པས་ཐི་ལིང་ཕུའུ་ཡིས་དབུས་ཤར་ས་ཁུལ་མཚམས་འཇོག་ཐབས་མེད་པའི་འཐབ་འཁྲུག་ནང་འཇུག་འདོད་པ་རེད་ཅེས་བསྟན། 
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན།   ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་དབྱི་ལང་གི་གློག་འདོན་ཁང་དང་ཟམ་པ་སོགས་རྨང་གཞིའི་སྒྲིག་ཆས་གཏོར་གཤིག་གཏོང་རྒྱུའི་འཇིགས་སྐུལ་བའི་ཐད་ཀྱི་གཏམ་བརྗོད་ལ་དམིགས་ཏེ།  དབྱི་ལང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པས་ཐི་ལིང་ཕུའུ་ཡིས་དབུས་ཤར་ས་ཁུལ་མཚམས་འཇོག་ཐབས་མེད་པའི་འཐབ་འཁྲུག་ནང་འཇུག་འདོད་པ་རེད་ཅེས་བསྟན། 

དབྱི་ལང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པས་བསྟན་དོན།   མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐི་ལིང་ཕུའུ་ཡིས་མངོན་སུམ་སྒོས་དམངས་བཀོལ་སྒྲིག་ཆས་ལ་འཇབ་རྒོལ་བྱེད་པའི་འཇིགས་སྐུལ་ཐད་རྣམ་འགྱུར་སྟོན་འོས།    འཐུས་ཚབ་ཚོགས་པས་བཤད་རྒྱུར།   ཐི་ལིང་ཕུའུ་ཡི་གཏམ་བརྗོད་དེ་ནི་དབྱི་ལང་མི་དམངས་ལ་ཐད་ཀར་འཁྲུག་རྐྱེན་བསླང་བ་ཡིན་ལ།   བསམ་བཞིན་དུ་འཐབ་འཁྲུག་གི་ནག་ཉེས་བསགས་པའི་བདེན་དཔང་གསལ་བོ་ཞིག་རེད་ཟེར།

ཐི་ལིང་ཕུའུ་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་འཇིགས་སྐུལ་ནས་བཤད་རྒྱུར།  གལ་ཏེ་དབྱི་ལང་གིས་ཧོ་ཨར་མུའུ་ཙི་མཚོ་འགག་གི་སྒོ་མི་ཕྱེ་ཚེ།  སྔར་ལས་ཛ་དྲག་ཆེ་བའི་གནས་བབ་ནང་འཚོ་བ་རོལ་དགོས་ཟེར།    ཁོས་བཤད་རྒྱུར། ཟླ4པའི་ཚེས7ཉིན་ནི་དབྱི་ལང་གི་གློག་འདོན་ཁང་དང་ཟམ་ཆེན་ཉིན་མོ་ཡིན་སྲིད་པ་དང་།   དབྱི་ལང་གི་གློག་འདོན་ཁང་དང་ཟམ་ཆེན་འབར་གས་གཏོང་རྒྱུའི་ཉེན་བརྡ་བཏང་།

ལྷ་མོ་ཚེ་རིང་གིས་བསྒྱུར།