
ཨ་མེ་རི་ཁའི་སྲིད་འཛིན་གཞོན་པ་ཝན་སི་ཡིས་ཚེས8ཉིན་ཧང་ག་རིའི་རྒྱལ་ས་པུའུ་ཏཱ་ཕའེ་སི་ནས་བཤད་རྒྱུར། དབྱི་ལིང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནང་ལེ་པཱ་ནུན་འདུས་པར་འདོད་ཡོད་ཀྱང་། དོན་དངོས་སུ་དེ་འདྲ་མིན་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཁས་ལེན་དེ་འདྲ་གཏན་ནས་བྱས་མྱོང་མེད་ཟེར།
ཝན་སི་ཡིས་ཉིན་དེར་ཧང་ག་རིའི་འཚམས་འདྲི་མཇུག་སྒྲིལ་བ་དང་། གནམ་གྲུའི་སྟེང་ནས་སྨྱན་བྱད་ལ་བསྟན་དོན། དབྱི་སི་རལ་གྱིས་ལེ་པཱ་ནུན་ནས་རང་ཚོད་བཟུང་ནས་མིག་སྔའི་གྲོས་མོལ་ལ་ལེགས་འགྲུབ་འབྱུང་བར་འགན་སྲུང་བྱེད་འདོད་ཡོད་པའི་ཚུལ་བསྟན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།