
ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་ཚེས8ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཁོས་ཉིན་དེར་སོ་སོར་དབྱི་ལིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་དང་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་གཉིས་ལ་ཁ་པར་བཏང་སྟེ། འཐབ་འཁྲུག་བྱེད་པའི་ཕྱོགས་ཁག་སོ་སོས་ལེ་པཱ་ནུན་དང་བཅས་པའི་འཁྲུག་རྩོད་ས་ཁུལ་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་ནང་དོན་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
མཱ་ཁི་ལུང་གིས་ནན་གྱིས་བསྟན་དོན། འཁྲུག་རྩོད་ཕྱོགས་ཁག་གི་ས་ཁུལ་སོ་སོའི་འཁྲུག་རྩོད་མཚམས་བཞག་ན་ད་གཟོད་འཁྲུག་རྩོད་ལ་ཡུན་རིང་འགན་སྲུང་ཐུབ་པར་ཡིད་ཆེས་ཡོད། འཁྲུག་རྩོད་མཚམས་བཞག་ནས་གྲོས་མོལ་གྱི་ཐབས་ལམ་གསར་འབྱེད་བྱས་ཏེ། དབུས་ཤར་ས་ཁུལ་གྱི་མི་ཚང་མའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།
མཱ་ཁི་ལུང་གིས་ད་རུང་བཤད་རྒྱུར། ཁོས་ཉིན་དེར་ལེ་པཱ་ནུན་གྱི་སྲིད་འཛིན་ཨོ་ཨིན་དང་ལེ་པཱ་ནུན་གྱི་ཙུང་ལི་སཱ་ལཱ་མུའུ་གཉིས་ལ་ཁ་པར་བཏང་། ཁོས་ཁ་པར་གཏོང་སྐབས་དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་ལ་བར་སྣང་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། ཁོས་བསྟན་དོན། བར་སྣང་འཇབ་རྒོལ་ལས་མི་སེར་དཀྱུས་མ་མང་བོར་ཤི་རྨས་བཟོས་ཏེ། ཐད་ཀར་འཁྲུག་རྩོད་མཚམས་འཇོག་པའི་རྒྱུན་མཐུད་རང་བཞིན་ལ་འཇིགས་ཉེན་བཟོས་ཡོད་པས། འཁྲུག་རྩོད་མཚམས་འཇོག་པའི་ཁྱབ་ཁོངས་སུ་ངེས་པར་དུ་ལེ་པཱ་ནུན་འདུས་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།