​ཨ་རིས་གཟའ་འཁོར་གཉིས་ལ་དབྱི་ལང་བར་གྱི་དམག་འཁྲུག་མཚམས་འཇོག་རྒྱུ་ཡིན་པ་དང་། དབྱི་ལང་གིས་དམག་འཁྲུག་མཚམས་འཇོག་རྒྱུའི་དོན་ཚན་གྱི་ནང་དོན་གཙོ་བོ་ཁྱབ་བསྒྲགས་བྱས། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ས་དེའི་ཚེས7ཉིན་གྱི་དགོང་མོ་དང་། པེ་ཅིང་གི་ཚེས་བརྒྱད་ཉིན་གྱི་ཞོགས་པར། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་བསྟན་དོན། ཕ་ཁི་སི་ཐན་ཕྱོགས་དང་ཁ་པར་བཏང་རྗེས། ཁོ་གཟའ་འཁོར་གཉིས་ལ་དབྱི་ལང་ཐད་ཀྱི་འགད་གཏོར་དང་འཇབ་རྒོལ་བྱེད་མཚམས་འཇོག་རྒྱུར་འཐད་པ་བྱུང་བ་དང་། སྔོན་འགྲོའི་ཆ་རྐྱེན་ནི་དབྱི་ལང་གིས་ཧོ་འར་མོ་ཚི་མཚོ་འགག་ཕྱོགས་ཡོངས་ནས་འཕྲལ་མར་བདེ་འཇགས་ཀྱིས་ཤར་གཏོང་བྱེད་དགོས་པ་མ་ཟད། འདི་ནི་ཕྱོགས་གཉིས་ཀྱིས་དམག་འཁྲུག་མཚམས་བཞག་པ་ཡིན་པ་བསྟན། ཐི་ལང་ཕུའུ་ཡིས་ད་དུང་དབྱི་ལང་གི་གྲོས་གཞི10འབྱོར་བ་དང་། དེ་གཞི་འཛིན་ས་བྱས་ནས་དབྱི་ལང་དང་གྲོས་མོལ་བྱ་རྒྱུ་ཡིན་ཞེས་བཤད། ཐི་ལང་ཕུའུ་ཡིས་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པའི་དུས་ཚོད་དེ་ཡར་སྔོན་ཁོས་དབྱི་ལང་ལ“མཇུག་མཐའི་ཚད་བཀག”ཟེར་བ་དེ་བཏོན་པའི་བར་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལས་འགོར་མེད། 

དབྱི་ལང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཚེས8ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐ་པ·ཧ་མེ་ནེ་ཡེ་ཡི་གྲོས་འགོ་དང་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། དབྱི་ལང་གིས་ཚེས10ཉིན་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པོ་ནས་ཨ་རི་ཕྱོགས་དང་གྲོས་མོལ་བྱ་རྒྱུ་རེད། གསལ་བསྒྲགས་ལས་ད་དུང་དབྱི་ལང་ཨ་རི་ལ་གཏན་ནས་ཡིད་མི་ཆེས་ཟེར། ཨུ་ཡོན་ལྷན་ཁང་དེས་དབྱི་ལང་གིས་ཕ་ཁི་སི་ཐན་བརྒྱུད་ནས་ཨ་རིར་སྤྲད་པའི་དམག་འཁྲུག་མཚམས་འཇོག་རྒྱུའི་དོན་ཚན10ཡི་ནང་དོན་གཙོ་བོ་ཁྱབ་བསྒྲགས་བྱས་ཡོད། ཕྱོགས་བསྡུས་དབྱི་ལང་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ནང་དོན་གཙོ་བོའི་ནང་དབྱི་ལང་ལ་དམིགས་པའི་བཙན་འཛུལ་བྱེད་མཚམས་འཇོག་རྒྱུ་དང་། དབྱི་ལང་གིས་གར་བཟོ་ཡིའུ་བྱེད་སྒོ་སྤེལ་ཆོག་པ། ཨ་རིའི་དམག་འཐབ་དམག་དཔུང་ས་གནས་དེའི་རྟེན་གཞི་དང་བཀོད་སྒྲིག་བྱེད་ས་ཡོད་ཚད་ནས་ཕྱིར་འཐེན་བྱེད་དགོས་པ། ཧོ་འར་མོ་ཚི་མཚོ་འགག་གི་བདེ་འཇགས་ཤར་བགྲོད་གྲོས་མཐུན་བཟོས་ནས། དབྱི་ལང་གི་གཙོ་ཁྲིད་གནས་བབ་ལ་འགན་སྲུང་བྱེད་པ། ཚོད་རྩིས་བྱས་ནས་དབྱི་ལང་ལ་ཐེབས་པའི་གྱོང་གུན་ཚང་མ་སྐྱིན་ཚབ་འཇལ་དགོས་པ་སོགས་འདུ་ཡོད། 

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ལི་ཅན་ནན་གྱིས་བཤད་རྒྱུར། ས་དེའི་ཚེས་བརྒྱད་ཉིན། དབྱི་ལང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་ཤིག་གི་ཁྲོད། གྲོས་མོལ་གྱི་ཞིབ་ཕྲའི་གནད་དོན་ཁག་མཐར་དོན་འཁྱོལ་མ་བྱས་སྔོན་ན། སྡེ་ཁག་སོ་སོས་སྔར་བཞིན་གཟབ་ནན་བྱེད་དགོས་ཞེས་ནན་གྱིས་བསྟན། གཞན་ཡང་དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་དམག་དོན་བློ་འདོན་པ་ལུའེ་ཀྲ་དབྱི་ཡིས་བསྟན་དོན། ཨ་རིས་དབྱི་ལང་གིས་བཏོན་པའི་ཇུས་གཞི་དོན་ཚན་བཅུ་དང་ལེན་བྱ་རྒྱུ་དེ་གྲོས་མོལ་གྱི་རྨང་གཞི་ཡིན་མོད། འོན་ཀྱང་དྲག་ཆས་དམག་དཔུང་གི་མེ་མདའ་སྔར་བཞིན་ལྷོད་མེད་དེ། རྒྱལ་ཁབ་ཀྱི་ཁེ་ཕན་ལ་འགན་སྲུང་གང་ལེགས་ཐུབ་རག་བར་རྒྱུན་བསྐྱང་རྒྱུ་ཡིན། 

དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀེ་ཆི་ཡིས་ཚེས་བརྒྱད་ཉིན་དབྱི་ལང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གསལ་བསྒྲགས་སྤེལ་ཏེ་བཤད་རྒྱུར། དབྱི་ལང་གི་དྲག་ཆས་དམག་དཔུང་དང་མཐུན་སྦྱོར་བྱས་པ་བརྒྱུད། གཟའ་འཁོར་གཉིས་ཀྱི་དུས་ཚོད་ནང་ཧོ་འར་མོ་ཚི་མཚོ་འགག་ཏུ་གྲུ་གཟིངས་བདེ་འཇགས་ཤར་གཏོང་བྱས་ཆོག དབྱི་སི་རལ་གྱི་ཙུང་ལིའི་གཞུང་ལས་ཁང་གིས་ཚེས་བརྒྱད་ཉིན་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱིས་ཨ་རི་དང་དབྱི་ལང་གིས་གཟའ་འཁོར་གཉིས་ལ་དམག་འཁྲུག་མཚམས་འཇོག་རྒྱུར་རྒྱབ་སྐྱོར་བྱེད་མོད། འོན་ཀྱང་དམག་འཁྲུག་མཚམས་འཇོག་པའི་ནང་ལེ་པ་ནོན་ཚུད་མེད་ཟེར། བར་འདུམ་པ་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པཱ་ཙི་ཡིས་བཤད་རྒྱུར། དབྱི་ལང་དང་ཨ་རི། དེ་མིན་ཕྱོགས་གཉིས་ཀྱི་མནའ་འབྲེལ་གྲོགས་པོ་ཚོས་ལེ་པ་ནོན་དང་ས་ཁུལ་གཞན་དག་ཚུད་པའི་ས་གནས་ཚང་མར་མྱུར་དུ་དམག་འཁྲུག་མཚམས་བཞག་ནས། ཉིན་དེ་ནས་བཟུང་ལག་བསྟར་བྱ་རྒྱུར་འཐད་པ་བྱུང་། 

ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་བརྒྱད་ཉིན་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཀྱིས་དམག་འཁྲུག་མཚམས་འཇོག་པའི་བཀོད་སྒྲིག་ལ་དགའ་བསུ་བྱེད་པ་དང་། དེའི་ཐད་ནས་ཀྲུང་གོའི་ཀྱང་རང་ནུས་ཅི་ཡོད་བཏོན་ཡོད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུ་ཐེ་ལེ་སི་དང་། སོ་ཏི། ཨ་མན། དབྱི་རག ཨེ་ཅིབ། སི་ཕེན། ཧྥ་རན་སེ། ཡོ་རོབ་མནའ་འབྲེལ་སོགས་ཀྱིས་ཀྱང་དམག་འཁྲུག་མཚམས་འཇོག་པར་དགའ་བསུ་ཞུས།

དམག་འཁྲུག་མཚམས་འཇོག་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་རྗེས། ཚེས7ཉིན་རྒྱལ་སྤྱིའི་སྣུམ་རིན་མངོན་གསལ་གྱིས་མར་ཆག་པ་དང་། ཉིའུ་གཡོད་ཀྱི་མ་བཅོས་རྡོ་སྣུམ་དུས་བཅད་ཚོང་ཟོག་གི་རིན་གོང་ཆག་ཚད་ཀྱིས20%ཙམ་ཟིན་པ་དང་། གསེར་དང་དངུལ་གྱི་རིན་གོང་ཆེས་ཆེར་འཕར།