ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མའོ་སཱ་ཏིའི་འགན་ཁུར་བ་བསྐོ་འཇོག་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས12ཉིན་བཤད་རྒྱུར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་ལྟའི་དམག་དོན་དྲུང་ཡིག་ལོ་མན་ཀི་ཧྥུའུ་མན་དབྱི་སི་རལ་གྱི་གསང་འཕྲིན་དང་དམིགས་བསལ་མཁོ་སྒྲུབ་ཅུའུ་ཡི་སྐབས་རྗེས་མའི་འགན་ཁུར་བར་བསྐོ་འཇོག་བྱས།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་བཤད་རྒྱུར། ཀི་ཧྥུའུ་མན་གྱི་འགན་ཡུན་ལོ་ངོ་ལྔ་ཡིན་པ་དང་། ཟླ་དྲུག་པར་མའོ་སཱ་ཏིའི་ད་ལྟའི་འགན་ཁུར་བ་པཱ་ཨར་ནེ་ཡཱའི་ཚབ་ཏུ་འགན་ཁུར་རྒྱུ་རེད།

ནེ་ཐཱ་ནི་ཡཱ་ཧུའུ་ཡི་བསྐོ་འཇོག་དེར་དབྱི་སི་རལ་གྱི་རྒྱལ་ནང་དུ་སྐྱོན་བརྗོད་ཐེབས་པ་དང་། ངོ་རྒོལ་མཁན་གྱིས་ཀི་ཧྥུའུ་མན་ལ་གསང་འཕྲིན་བྱ་བའི་ཉམས་མྱོང་མེད་པར་སེམས་ཁུར་བྱེད་བཞིན་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།