ཁཱ་ཐར་གྱིས་ཧའོ་ཨར་མུའུ་ཙི་མཚོ་འགག་གི་བདེ་འཇགས་ལ་ཕྱོགས་གང་རུང་གི་འཇིགས་ཉེན་ཐེབས་མི་རུང་བ་ནན་བཤད་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཁཱ་ཐར་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཨན་སཱ་ལི་ཡིས་ཚེས14ཉིན་བཤད་རྒྱུར། ཧའོ་ཨར་མུའུ་ཙི་མཚོ་འགག་གི་བདེ་འཇགས་ལ་ཕྱོགས་གང་རུང་གི་འཇིགས་ཉེན་ཐེབས་མི་རུང་བ་དང་། ཡང་བསྐྱར་སྒོ་འབྱེད་བྱེད་པར་ཟུར་སྣོན་ཆ་རྐྱེན་གང་ཡང་འདོན་མི་རུང་ཟེར།

ཨན་སཱ་ལི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཁཱ་ཐར་གྱིས་ཕྱོགས་སོ་སོའི་བར་འབྲེལ་འདྲིས་བྱེད་བཞིན་ཡོད་པ་དང་། ཧའོ་ཨར་མུའུ་ཙི་མཚོ་འགག་ཡང་བསྐྱར་སྒོ་འབྱེད་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་ལ། མཚོ་འགག་གི་ཉམས་ཉེན་ཐག་གཅོད་བྱེད་པར་ཉེ་འཁོར་རྒྱལ་ཁབ་དང་མཚོ་འགག་གི་འགྲུལ་བཞུད་ལ་བརྟེན་པའི་རྒྱལ་ཁབ་དག་མཉམ་དུ་ཞུགས་དགོས་ཟེར།

ཨན་སཱ་ལི་ཡིས་ད་རུང་བསྟན་དོན། ཡུན་རིང་བའི་ཐག་གཅོད་ཇུས་གཞི་གཏན་འབེབས་བྱས་ཏེ་འཁྲུག་རྩོད་མཚམས་འཇོག་པར་རམ་འདེགས་དང་ཕྱོགས་སོ་སོར་ཁེ་ཕན་ཐོབ་ཏུ་འཇུག་དགོས་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།