
ཕཱ་ཁི་སི་ཐན་གྱི་སྲིད་འཛིན་ཀྲ་ཨར་ཏཱ་ལི་ཡིས་ཚེས14ཉིན་བསྟན་དོན། ཕཱ་ཁི་སི་ཐན་གྱིས་མུ་མཐུད་དུ་ཨ་མེ་རི་ཁ་དང་དབྱི་ལིང་། དེ་མིན་ས་ཁུལ་དང་གོ་ལ་ཧྲིལ་བོའི་རྒྱལ་ཁབ་གཙོ་བོ་བར་འབྲེལ་འདྲིས་བྱས་ཏེ། ཨ་མེ་རི་ཁ་དང་དབྱི་ལིང་གི་ཞི་བདེའི་འཕེལ་རིམ་རྒྱུན་མཐུད་ཐུབ་པར་འགན་སྲུང་བྱེད་དགོས་ཟེར།
ཀྲ་ཨར་ཏཱ་ལི་ཡིས་ཙུང་ལི་ཞཱ་པཱ་ཙི་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱིས་གནད་འགག་གི་གྲོས་མོལ་དེ་རིགས་ལ་སྟེགས་བུ་འདོན་སྤྲོད་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་འགན་ཁུར་བའི་རྒྱལ་ཁབ་ཀྱི་ལངས་ཕྱོགས་མངོན་པར་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།