ཕཱ་ཁི་སི་ཐན་གྱི་སྐམ་དམག་གི་ཇུས་འདོན་དཔོན་པོ་དང་ནང་སྲིད་པུའུ་ཀྲང་དབྱི་ལིང་དུ་འབྱོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལིང་གི་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་ཚེས15ཉིན་བསྒྲགས་པ་ལྟར་ན། ཕཱ་ཁི་སི་ཐན་གྱི་སྐམ་དམག་གི་ཇུས་འདོན་དཔོན་པོ་མུའུ་ནེ་ཨར་གྱིས་ཉིན་དེར་མཐོ་རིམ་འཐུས་ཚབ་ཚོགས་པ་ཁྲིད་དེ་དབྱི་ལིང་དུ་འབྱོར་ཡོད་ཟེར།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས15ཉིན་གསལ་སྒྲོག་སྤེལ་ཏེ། མུའུ་ནེ་ཨར་དང་ཕཱ་ཁི་སི་ཐན་གྱི་ནང་སྲིད་པུའུ་ཀྲང་ནཱ་ཁི་ཝེ་གཉིས་ཀྱིས་ཉིན་དེར་འཐུས་ཚབ་ཚོགས་པ་ཁྲིད་དེ་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་འབྱོར་བ་དང་། མུ་མཐུད་དུ་ཨ་མེ་རི་ཁ་དང་དབྱི་ལིང་གི་གྲོས་མོལ་ལ་བར་འདུམ་བྱེད་རྒྱུ་ཡིན་ཟེར།

ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡི་གསལ་སྒྲོག་ལྟར་ན། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཡིས་ཚེས15ཉིན་ནས་ཚེས18ཉིན་བར་སོ་ཏི་ཨ་རབ་དང་ཁཱ་ཐར། ཐུར་ཁེ་བཅས་ལ་དངོས་གཞིའི་འཚམས་འདྲི་བྱེད་རྒྱུ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།