ཨ་རིས་མུ་མཐུད་དུ་དབྱི་ལང་གི་མཚོ་ཐོག་བཀག་སྡོམ་བྱ་རྒྱུ་ཡིན་པར་བསྟན་ལ་དབྱི་ལང་གིས་བཙན་འཛུལ་ལ་ཕྱིར་རྒོལ་བྱ་རྒྱུ་ཡིན་པ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཚེས16ཉིན་ཨ་རིའི་དམག་ཕྱོགས་ཀྱིས་དབྱི་ལང་གི་གྲུ་ཁ་ནས་འགྲོ་འོང་བྱེད་མཁན་གྱི་གྲུ་གཟིངས་ཚང་མ་བཀག་སྡོམ་ཁྱབ་ཁོངས་སུ་ཚུད་ཡོད་པར་བསྟན།

ཨ་རི་ཕྱོགས་ཀྱིས་ད་དུང་འཇིགས་སྐུལ་བྱས་ནས་བཀག་སྡོམ་གཏན་འབེབས་ལ་བརྩི་སྲུང་མི་བྱེད་པའི་གྲུ་གཟིངས་ལ་དྲག་ཤུགས་སྤྱོད་རྒྱུ་ཡིན་པར་བསྟན།    དབྱི་ལང་དབྱི་སི་ལན་གསར་བརྗེའི་རུ་ཁག་གིས་ཚེས་བཅུ་བདུན་ཉིན་གསལ་བསྒྲགས་སྤེལ་ནས་བསྟན་དོན།  དགྲ་བོས་སྐམ་མཚོའི་དམག་འཐབ་བརྒྱུད་ནས་དབྱི་ལང་ལ་བཙན་འཛུལ་བྱས་པ་མ་ཟད།  པའོ་སི་མཚོ་ཁུག་གི་དབྱི་ལང་གླིང་ཕྲན་འཕྲོག་ལེན་བྱེད་པ་སོགས་ཀྱི་རེ་ངན་ལ་ཕམ་ཉེས་བྱུང་བར་བསྟན།    གལ་ཏེ་དགྲ་བོས་དབྱི་ལང་ལ་བཙན་འཛུལ་བྱེད་པའི་ཐད་ཧོད་རྒྱུག་གང་རུང་བྱས་ཚེ།དབྱི་ལང་གིས་སྲོག་རྩར་ཐུག་པའི་རྒོལ་ལན་སྤྲོད་ངེས་ཡིན་པར་བསྟན།

ཨ་རིའི་སྲིད་འཛིན་ཐུག་ལང་ཕུའུ་ཡིས་ཚེས་བཅུ་དྲུག་ཉིན་བསྟན་དོན།  ཨ་རི་དང་དབྱི་ལང་གི་གྲོས་མོལ་ཐེངས་རྗེས་མ་དེ་གཟའ་འཁོར་འདིའི་གཟའ་མཇུག་ཏུ་འཚོག་རྒྱུ་ཡིན་པ་དང་། དབྱི་ལང་གིས་གནས་སྐབས་སུ་ལན་མ་བཏབ། དབྱི་ལང་གི་སྲིད་འཛིན་ཕེ་ཙེ་ཞི་ཆི་དབྱང་གིས་ཚེས16ཉིན་ཕ་ཁི་སི་ཐན་གྱི་འཐུས་མིར་མཇལ་འཕྲད་གནང་སྐབས་བསྟན་དོན། ཨ་རིས་ངོ་ལོག་ཐེངས་མང་བྱས་མྱོང་བས་དབྱི་ལང་གིས་ཨ་རི་རློམ་ཐབས་མེད་ཅེས་བསྟན།

ཚེས་བཅོ་ལྔ་ཉིན་ཨ་རིའི་གྲོས་ཁང་དམངས་གཙོ་ཏང་གིས་བཏོན་པའི་སྲིད་འཛིན་དབང་ཆར་ཚོད་འཛིན་བྱེད་པའི་གྲོས་གཞིར་གྲོས་འཆམ་མ་བྱུང་བ་དང་། ཚེས16ཉིན་དམངས་གཙོ་ཏང་གིས་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མར་སླར་ཡང་གྲོས་གཞི་བཏོན་ཏེ། སྲིད་འཛིན་གྱིས་དབྱི་ལང་ལ་དམག་དོན་བྱ་སྤྱོད་མཇུག་སྒྲིལ་རྒྱུའི་རེ་བ་བཏོན་། གྲོས་གཞི་འདིར་འདེམས་ཤོག་གཅིག་གིས་གྲོས་འཆམ་མ་བྱུང་བ་རེད།