དབྱི་ལང་མཚོ་དམག་གི་དམག་སྤྱིས་ཨ་རིས་དབྱི་ལང་ལ་མཚོ་ཐོག་བཀག་སྡོམ་བྱས་པ“མཚོ་ཇག་གི་བྱ་སྤྱོད”རེད་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

  དབྱི་ལང་མཚོ་དམག་གི་དམག་སྤྱི་ཧྲ་ཧོ་ལ་མུའུ་དབྱི་ལ་ཉི་ཡིས17ཉིན་བསྟན་དོན། ཨ་རིས་དབྱི་ལང་ལ་མཚོ་ཐོག་བཀག་སྡོམ་བྱས་པ་དེ་ངོ་བོའི་ཐོག“མཚོ་ཇག་གི་བྱ་སྤྱོད”རེད་ཟེར།

  དབྱི་ལང་ཧྥ་ཨེར་སི་གསར་འགྱུར་ཁང་གིས་དབྱི་ལ་ཉིའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན།    ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་མཚོ་ཐོག་བཀག་སྡོམ་ཟེར་བ་ནི“ཁོའི་གྲོགས་པོ་ཚོར་བཀག་སྡོམ་བྱས་པ་ལས་དབྱི་ལང་མིན”ཟེར།

  དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀོ་ཆི་ཡིས་ཉིན་དེའི་སྔ་ཙམ་དུ་བསྒྲགས་པ་ལྟར་ན། ལེ་པ་ནོན་དང་དབྱི་སི་རལ་བར་འཁྲུག་མཚམས་བཞག་པར་དམིགས་ནས་འཁྲུག་མཚམས་བཞག་པའི་སྐབས་འདིར་དབྱི་ལང་གིས་ཚོང་གྲུ་ཚང་མར་ཧོ་ཨེར་མུའུ་ཙི་མཚོ་འགག་སྒོ་འབྱེད་བྱ་རྒྱུ་ཡིན་ཟེར།     ཐི་ལང་ཕུའུ་ཡིས་དེའི་རྗེས་ཀྱི་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས། དབྱི་ལང་གིས“དབྱི་ལང་མཚོ་འགག”སྒོ་འབྱེད་བྱས་པར་“བཀའ་དྲིན་ཞུ་རྒྱུ”དང་དུས་མཚུངས་སུ་བསྟན་དོན། ཨ་རིས་དབྱི་ལང་ལ་མུ་མཐུད་དུ་མཚོ་ཐོག་བཀག་སྡོམ་བྱ་རྒྱུ་ཡིན་ཟེར། 

མཚོ་མོ་སྐྱིད་ཀྱིས་བསྒྱུར།