
ལེ་པ་ནོན་རྒྱལ་ཁབ་གསར་འགྱུར་ཁང་གིས་ཚེས17ཉིན་གནས་ཚུལ་སྤེལ་བ་ལྟར་ན། རླངས་འཁོར་གཅིག་དང་འཕྲུལ་རྟ་གཅིག་ལ་ལེ་པ་ནོན་ལྷོ་རྒྱུད་ཀྱི་ཁུའུ་ཉིང་གྲོང་རྡལ་དང་པའེ་ཐེ་ཡ་ཧུང་གྲོང་རྡལ་བར་གྱི་གཞུང་ལམ་ཐོག དབྱི་སི་རལ་གྱི་མི་མེད་གནམ་གྲུས་འཇབ་རྒོལ་ཕོག་ནས་མི་གཅིག་བསད་དེ་མི་གསུམ་རྨས།
གཞན་ཡང་ས་དེའི་སྨྱན་སྦྱོར་གཞན་དག་གིས་གནས་ཚུལ་སྤེལ་བ་ལྟར་ན། འཁྲུག་མཚམས་བཞག་པའི་རྗེས་སུ་དབྱི་སི་རལ་གྱི་དམག་གིས་ལེ་པ་ནོན་ལྷོ་རྒྱུད་ཀྱི་གྲོང་རྡལ་གཞན་ཞིག་ལ་སྒྱོགས་མདེལ་གཉིས་འཕངས་ནས། འཁྲུག་མཚམས་བཞག་པའི་གྲོས་ཡིག་ལ་རྒྱབ་འགལ་བྱས་པ་རེད།
ལེ་པ་ནོན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས17ཉིན་གྱི་སྔ་ཙམ་ལ་གསལ་བསྒྲགས་སྤེལ་ནས་བསྟན་དོན། ཟླ3པའི་ཚེས2ཉིན་ནས་ཟླ4པའི་ཚེས16ཉིན་བར་གྱི་ཆུ་ཚོད24ཡི་བར། དབྱི་སི་རལ་གྱིས་ལེ་པ་ནོན་ལ་འཇབ་རྒོལ་བྱས་པ་ལས་མི་ཉིས་སྟོང་ཉིས་བརྒྱ་གོ་བཞི་བསད་པ་དང་མི་བདུན་སྟོང་ལྔ་བརྒྱ་ཞེ་བཞི་རྨས་པ་རེད། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མྱུར་སྐྱོབ་མི་སྣ་དང་སྨན་བཅོས་མི་སྣ100ཡོད་པ་དང་། གཞན་ཡང་མྱུར་སྐྱོབ་མི་སྣ་དང་སྨན་བཅོས་མི་སྣ233རྨས་ཡོད་ཟེར།
གསལ་བསྒྲགས་ལས་བསྟན་དོན། མཇུག་མཐར་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དེ་ཞིག་རོའི་གཙང་བཤེར་དང་ཕུང་པོ་འཚོལ་ཞིབ། དབྱང་དོར་ཉིང་མངར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་ནས་རྐྱེན་ལམ་དུ་ཤོར་མཁན་གྱི་ཐོབ་ཐོབ་ངོས་འཛིན་བྱས་རྗེས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཟེར།
ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཚེས16ཉིན་བསྒྲགས་རྒྱུར། ལེ་པ་ནོན་དང་དབྱི་སི་རལ་གྱིས་ཉིན10རིང་འཁྲུག་མཚམས་འཇོག་པ་དང་འབྲེལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་ནས་གྲོས་མོལ་བྱ་རྒྱུ་ཡིན་ཟེར། ས་དེའི་ཚེས17ཉིན་གྱི་ནམ་གུང་ཆུ་ཚོད12ཐོག་ལེ་པ་ནོན་དང་དབྱི་སི་རལ་བར་འཁྲུག་མཚམས་འཇོག་པའི་གྲོས་ཡིག་ལ་ནུས་པ་ཐོན་ཡོད།
མཚོ་མོ་སྐྱིད་ཀྱིས་བསྒྱུར།