ཁ་ན་ཏའི་མཁའ་འགྲུལ་གྱིས་ཨ་མེ་རི་ཁར་འཕུར་བའི་གནམ་གྲུ་ཁག་ཅིག་གནས་སྐབས་སུ་འཕུར་མཚམས་འཇོག་པའི་འཆར་གཞི་བཀོད།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཉེ་ལམ།   ཁ་ན་ཏའི་མཁའ་འགྲུལ་གྱིས་བསྟན་དོན། དབུས་ཤར་གྱི་གནས་བབ་དབང་གིས་འབར་སྣུམ་གྱི་རིན་གོང་ཇེ་མཐོར་སོང་བས།  མཁའ་འགྲུལ་ཀུང་སི་དེས་ཁ་ན་ཏའི་ཏུའོ་ལུན་ཏུའོ་དང་མོང་ཐེ་ལི་ཨེར་ས་ཁུལ་གཉིས་ནས་ཨ་མེ་རི་ཁའི་ཉིའུ་ཡོག་ཁེན་ཉི་ཏི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འཕུར་བའི་གནམ་གྲུ་གནས་སྐབས་སུ་འཕུར་མཚམས་འཇོག་རྒྱུ་ཡིན་ལ། འཕུར་མཚམས་འཇོག་པའི་འཆར་གཞི་དེ་ཟླ6པའི་ཚེས1ཉིན་ནས་མགོ་བརྩམ་སྟེ་ཟླ10པའི་ཚེས25ཉིན་སླར་གསོ་བྱ་རྒྱུ་རེད། ཁ་ན་ཏའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཁ་ན་ཏའི་ཞི་ཅེ་མཁའ་འགྲུལ་དང་པའོ་ཐེ་མཁའ་འགྲུལ་སོགས་མཁའ་འགྲུལ་ཀུང་སིས་ཀྱང་ཉེ་ཆར་འབར་སྣུམ་གྱི་རིན་གོང་མཐོ་བའི་དབང་གིས་སྤ་སེའི་རིན་གོང་ཇེ་མཐོར་གཏོང་བ་ནང་དུ་འདུ་བའི་བྱེད་ཐབས་ཁྱབ་བསྒྲགས་བྱས།