ཐི་ལིང་ཕུའུ་ཡིས་དབྱི་སི་རལ་དང་ལེ་པཱ་ནུན་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་གཟའ་འཁོར་གསུམ་གྱིས་ཇེ་རིང་དུ་གཏོང་དགོས་པ་ཁྱབ་བསྒྲགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས23ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་སི་རལ་དང་ལེ་པཱ་ནུན་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་གཟའ་འཁོར་གསུམ་གྱིས་ཇེ་རིང་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོས་ཉིན་དེར་ཨ་མེ་རི་ཁའི་སྲིད་འཛིན་གཞོན་པ་ཝན་སི་དང་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ། དབྱི་སི་རལ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་མེད་ཁི་ཧི་ཁཱ་པུས། ལེ་པཱ་ནུན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་མུས་ཞེ་ཨར་དབྱེ་སཱ་བཅས་དང་མཉམ་དུ་ཕོ་བྲང་དཀར་པོའི་འཇོངས་དབྱིབས་གཞུང་སྒྲུབ་ཁང་ནས་དབྱི་སི་རལ་དང་ལེ་པཱ་ནུན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས། ཐུག་འཕྲད་གྲོས་མོལ་སྤེལ་བ་ཧ་ཅང་བདེ་བླག་ཡིན་པ་དང་། ཨ་མེ་རི་ཁས་ལེ་པཱ་ནུན་བར་མཉམ་ལས་བྱས་ཏེ། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ལ་འགོག་རྒོལ་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན་ཟེར།

ཁོས་ད་རུང་བསྟན་དོན། ཅང་མི་འགོར་བའི་མ་འོངས་པར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་ལེ་པཱ་ནུན་གྱི་སྲིད་འཛིན་ཨོ་ཨིན་གཉིས་བར་གྲོས་མོལ་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།