དབྱི་སི་རལ་གྱིས་ལེ་པཱ་ནུན་ལྷོ་རྒྱུད་ཀྱི་ལི་ཐཱ་ཉི་ཆུ་བོའི་བྱང་ངོས་སུ་དཔུང་འཇུག་བྱས་པར་བཤད།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

དབྱི་སི་རལ་གྱི་སྲིད་འཛིན་ནེ་ཐ་ཉི་ཡཱ་ཧུའུ་ཡིས་ཚེས27ཉིན།  དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ལྷོ་རྒྱུད་ཀྱི“བདེ་འཇགས་ཁུལ”དང་ལི་ཐཱ་ཉི་གཙང་པོའི་བྱང་རྒྱུད་ས་ཁུལ་དུ་ཚུར་རྒོལ་བྱས་པར་བསྟན།  ཁོས་ད་དུང་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མེད་པར་བཟོ་རྒྱུ་ནི་ལེ་པཱ་ནུན་དང་གྲོས་མོལ་བྱེད་པའི་གནད་འགག་ཅིག་ཡིན་ཞེས་བསྟན།

ལེ་པཱ་ནོན་ཀྲིན་ཀྲུའུ་ཏང་གི་འགོ་ཁྲིད་པ་ཁཱ་ཞི་མུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།  ལེ་པཱ་ནུན་སྲིད་གཞུང་གིས་དབྱི་སི་རལ་དང་ཐད་ཀར་གྲོས་མོལ་བྱེད་པར་ངོ་རྒོལ་བྱས་པར་མ་ཟད། ལེ་པཱ་ནུན་དང་དབྱི་སི་རལ་བར་གྱི་གདོང་ཐུག་མཇུག་བསྒྲིལ་བའི་ཆ་རྐྱེན་ཁག5བཏོན་པའི་ནང་།  དབྱི་སི་རལ་ལེ་པཱ་ནུན་གྱི་བཙན་འཛུལ་མངའ་ཁོངས་ནས་ཕྱིར་འཐེན་བྱེད་པ་དང་ལེ་པཱ་ནུན་གྱི་སྐམ་མཚོ་མཁའ་གསུམ་ལ་འཇབ་རྒོལ་བྱེད་མཚམས་འཇོག་དགོས་པ་སོགས་འདུས་ཡོད་ཅེས་བསྟན།