
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས29ཉིན་བསྟན་དོན། ཨ་མེ་རི་ཁ་དང་དབྱི་ལིང་གིས་ཁ་པར་བརྒྱུད་དེ་གྲོས་མོལ་སྤེལ་བཞིན་ཡོད་པ་དང་། ཞོར་དུ་དབྱི་ལིང་ཕྱོགས་ཀྱིས་ངེས་པར་དུ་ཉིང་རྡུལ་མཚོན་ཆ་ཡོངས་སུ་བསྐྱུར་བའི་དམ་བཅའ་གསལ་བོ་འཇོག་དགོས་པ་ནན་བཤད་བྱས།
ཐི་ལིང་ཕུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོའི་འཇོངས་དབྱིབས་གཞུང་སྒྲུབ་ཁང་ནས་སྨྱན་བྱད་ལ་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལིང་གི་གྲོས་མོལ་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། ད་ལྟ་ཁ་པར་བརྒྱུད་དེ་འབྲེལ་འདྲིས་བྱེད་བཞིན་ཡོད། དེ་སྔོན་ཆད་དང་འདྲ་བར་ཡིག་ཆ་ཞིག་ལ་བལྟ་འདོད་ཚེ་དུས་ཚོད་བཅོ་བརྒྱད་ལྷག་ལ་འཕུར་ཏེ་ཚོགས་འདུ་སྤེལ་དགོས་པ་ལྟ་བུ་མིན་ཟེར། ཁོས་བཤད་རྒྱུར། ཐབས་དེ་ཧ་ཅང་སྟབས་བདེ་ཡིན། ངས་ཁ་པར་ཞིག་བཏང་ན་སྐར་མ་བཅོ་ལྔའི་ནང་དེའི་ལན་ཤེས་ཐུབ་ཀྱང་། ང་མ་གཞི་ནས་ངོ་ཐུག་གྲོས་མོལ་བྱེད་པར་ལྷག་ཏུ་སྤྲོ་བ་ཡོད་ཟེར།
ཐི་ལིང་ཕུའུ་ཡིས་བཤད་རྒྱུར། མིག་སྔར་ཕྱོགས་གཉིས་ཀྱི་གྲོས་མོལ་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཀྱང་། གནད་དོན་ནི་དབྱི་ལིང་ཕྱོགས་ཀྱིས་ཨ་མེ་རི་ཁའི་བཏོན་པའི་རེ་བ་བསྐང་ཐུབ་མི་དེ་རེད། མིག་སྔར་མཚོན་ན། ཁོ་ཚོས་ཉིང་རྡུལ་མཚོན་ཆ་ཡོངས་སུ་བསྐྱུར་བའི་དམ་བཅའ་གསལ་བོ་མ་བྱས་ན། ཕྱོགས་གཉིས་ཀྱིས་གྲོས་མཐུན་གང་ཡང་འགོད་ཐབས་མེད་པ་ཁོ་ཐག་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།