
སོ་མཱ་ལིའི་རྒྱལ་སྲུང་པུའུ་ཡིས་ཚེས29ཉིན་བཤད་རྒྱུར། སོ་མཱ་ལིའི་དྲག་ཆས་དམག་དཔུང་གིས་ཉེ་སྔོན་རྒྱལ་ཁབ་དེའི་ལྷོ་ཕྱོགས་ས་ཁུལ་ནས་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན22བསད་ཟེར།
སོ་མཱ་ལིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། འདས་པའི་ཉིན་གསུམ་ནང་། སོ་མཱ་ལིའི་དྲག་ཆས་དམག་དཔུང་གིས་ཞེ་པེ་ལེ་མངའ་སྡེ་ཞོལ་མ་ནས་ན་གཞོན་ཏང་གི་དམིགས་འབེན་ལ་འགུལ་སྐྱོད་སྤེལ་བ་དང་། ས་ངོས་དང་བར་སྣང་གི་ཆམ་ཕབ་དུས་མཉམ་དུ་སྤེལ་ཡོད་ཟེར།
སོ་མཱ་ལིའི་རྒྱལ་སྲུང་པུའུ་ཡིས་ནན་གྱིས་བསྟན་དོན། མུ་མཐུད་དུ་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་བར་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་བདེ་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
ན་གཞོན་ཏང་ནི་རྟེན་གཞིའི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་པ་དང་། 2007ལོར་ཟིང་འཁྲུག་བསླངས་བ་ཡིན་ལ། 2011ལོར་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་རྒྱལ་ས་མའོ་ཅཱ་ཏིས་ཧྲ་ནས་མཐར་སྐྲོད་བཏང་། ཉེ་བའི་ལོ་འགའི་རིང་ལ། ཐལ་སྤྱོད་རྩ་འཛུགས་དེ་སྔར་བཞིན་ཞིང་སྡེའི་ས་ཁུལ་སྐོར་ཞིག་ཏུ་འགུལ་སྐྱོད་བྱེད་བཞིན་ཡོད་ཅིང་། ས་འོག་འགད་རྫས་སྦས་པ་སོགས་ཀྱི་འཇབ་རྒོལ་མང་དུ་སྤེལ་ནས་ས་གནས་ཀྱི་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།