
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས5ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱིས་སོ་སོར་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པར་དགའ་བསུ་ཞུས་ཟེར།
ཏིས་ཡཱ་ལི་ཁི་ཡིས་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་འཁྲུག་རྩོད་མཚམས་འཇོག་པར་རེ་བཞིན་ཡོད་ཅིང་། ཡུན་རིང་ཞིང་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་མྱུར་མོར་འཁྲུག་རྩོད་མཚམས་བཞག་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཆོད་དོན་བཅས་གཞིར་བཟུང་སྟེ་དྲང་བདེན་དང་རྒྱུན་མཐུད་ཀྱི་ཞི་བདེ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས4ཉིན་གནས་ཚུལ་སྤེལ་ཏེ། ཨུ་རུ་སུའི་དྲག་ཆས་སྟོབས་ཤུགས་ཀྱི་ཆེས་མཐོའི་དམག་སྤྱིའམ་སྲིད་འཛིན་ཕུའུ་ཅིན་གྱིས་སུའུ་ལེན་མི་དམངས་ཀྱི་རླབས་ཆེ་བའི་རྒྱལ་སྲུང་འཐབ་འཁྲུག་སྐབས་རྒྱལ་ཁ་བླངས་པར་རྗེས་དྲན་བྱེད་ཆེད། ཟླ5བའི་ཚེས8ཉིན་ནས་ཚེས9ཉིན་བར་འཁྲུག་རྩོད་མཚམས་འཇོག་རྒྱུ་ཐག་གཅོད་བྱས་ཡོད། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཉིན་དེའི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཟླ5བའི་ཚེས6ཉིན་ནས་བཟུང་ཕྱོགས་གཅིག་ནས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཐག་བཅད་པ་ཁྱབ་བསྒྲགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།