ཨུ་རུ་སི་དང་ཨ་མེ་རི་ཁའི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་བརྒྱུད་དེ་ཕྱོགས་གཉིས་ཀྱི་གྲོས་མོལ་ལ་བཀོད་སྒྲིག་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས5ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱི་གྲོས་མོལ་གྱི་ཉིན་རིམ་བཀོད་སྒྲིག་ལ་གྲོས་བསྡུར་བྱས་པར་མ་ཟད། མིག་སྔའི་རྒྱལ་སྤྱིའི་གནས་བབ་དང་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

སྤྱི་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱི་ཁ་པར་གྲོས་མོལ་གྱི་ནང་དོན་ལ་འཛུགས་སྐྲུན་རང་བཞིན་ལྡན་པར་མ་ཟད་དོན་དངོས་དང་མཐུན་པ་ཞིག་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།