ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་འདུམ་འགྲིག་ལས་ཨ་མེ་རི་ཁ་དང་དབྱི་ལང་གི་འཁྲུག་རྩོད་མཇུག་སྒྲིལ་བར་གྲུབ་འབྲས་ཆེན་པོ་ཐོབ་ཐུབ་པར་ཡིད་ཆེས་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཕ་ཁི་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཏཱ་ཨར་གྱིས་ཚེས5ཉིན་གྱི་དགོང་མོར་བསྟན་དོན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་དབྱི་ལང་གི་འཐབ་འཁྲུག་ལ་བར་འདུམ་བྱེད་བཞིན་ཡོད་པ་དང་། འདུམ་འགྲིག་དེར་གྲུབ་འབྲས་ཆེན་པོ་ཐོབ་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཏཱ་ཨར་གྱིས་ཉིན་དེར་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་ནས་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ་དང་ཕྱི་འབྲེལ་འཐུས་ཚབ་ཚོགས་པའི་ཁོངས་མིར་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཕ་ཁི་སི་ཐན་ཕྱོགས་ཀྱིས་ནམ་རྒྱུན་ཨ་མེ་རི་ཁ་དང་དབྱི་ལིང་ཕྱོགས་གཉིས་བར་འབྲེལ་འདྲིས་བྱེད་བཞིན་ཡོད་ལ། དམིགས་ཡུལ་ནི་ཕྱོགས་སོ་སོས་དང་ལེན་ཐུབ་པའི་ཞི་བདེའི་ཐག་གཅོད་ཇུས་གཞི་ཞིག་འགོད་པའི་ཆེད་དུ་ཡིན་ཟེར།

ཏཱ་ཨར་གྱིས་བཤད་རྒྱུར། འདུམ་འགྲིག་མཁན་ཡིན་པའི་ཆ་ནས། ང་ཚོའི་དམིགས་ཡུལ་ནི་ཕྱོགས་གཉིས་ཀྱིས་ཞི་བདེའི་གྲོས་མཐུན་འགོད་དུ་འཇུག་རྒྱུ་དེ་ཡིན་ལ། དེ་ནི་ས་ཁུལ་རང་ཙམ་དུ་མ་ཟད་འཛམ་གླིང་ཡོངས་ཀྱི་དགོས་མཁོ་ཡང་ཡིན། རྒྱལ་ཁབ་མང་བོའི་རྒྱབ་སྐྱོར་འོག་གྲོས་མོལ་ལ་མཉམ་རྒྱལ་གྱི་གྲུབ་འབྲས་བཟང་བོ་ཐོབ་ཐུབ་པར་རེ་བཞིན་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།