
ཚེས5ཉིན་གྱི་དགོང་མོར་ཙམ་པབ་ཝེ་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་བ་ལྟར་ན། རྒྱལ་ཁོངས་བརྒལ་བའི་འགྲུལ་སྐྱོད་ཞབས་ཞུ་འདོན་སྤྲོད་བྱེད་པའི་སྤྱི་སྤྱོད་རླངས་འཁོར་ཆེ་གྲས་ཤིག་ལ་ཉིན་དེའི་ཕྱི་དྲོར། ཙམ་པབ་ཝེ་ཡི་མ་ཧྲའོ་ན་ལན་ཤར་མ་ཞིང་ཆེན་མུའུ་ཐའོ་ཁོ་ས་ཁུལ་དུ་རླངས་འཁོར་དོན་རྐྱེན་བྱུང་ནས། ཉུང་མཐར་ཡང་མི14རྐྱེན་ལམ་དུ་ཤོར་བ་རེད།
ཙམ་པབ་ཝེ་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་བཤད་རྒྱུར། དོན་རྐྱེན་ནི་ས་དེའི་ཉིན་གུང་ཆུ་ཚོད13ཙམ་དུ་བྱུང་བ་དང་། དོན་རྐྱེན་བྱུང་བའི་ས་ཆ་ནི་རྒྱལ་ས་ཧ་ལ་ལེ་ནས་ཉི་ཡ་མ་ཕན་ཏ་བར་གྱི་གཞུང་ལམ་གྱི་སུའུ་སུའེ་ལམ་མཚམས་དང་ཐག་ཉེ་བའི་ས་རེད། རླངས་འཁོར་ཆེ་གྲས་འདིའི་ནང་འགྲུལ་པ63བསྡད་ཡོད་པ་དང་། ཧྥེ་གླིང་ལྷོ་མའི་ཁའེ་ཕུའུ་ཏོན་ནས་ལམ་ལ་ཆས་ཏེ་མ་ལ་ཝེ་རུ་བསྐྱོད་རྩིས་ཡོད།
མིག་སྔར་རྨས་མ་ཁག་ཅིག་ཉེ་འགྲམ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་། དོན་རྐྱེན་རྒྱུ་རྐྱེན་སྔར་བཞིན་བརྟག་དཔྱད་བྱེད་ཀྱིན་ཡོད།
མཚོ་མོ་སྐྱིད་ཀྱིས་བསྒྱུར།