པར་ཙིར་དུ་སློབ་གྲྭར་མེ་མདས་བརྒྱབ་པའི་གྱོད་དོན་བྱུང་ནས་དགེ་རྒན་ལས་བཟོ་བ་གཉིས་རྐྱེན་ལམ་དུ་ཤོར།    
ཁུངས། ཀློག་གྲངས།

པར་ཙིར་ཉེན་རྟོག་ཕྱོགས་ཀྱིས་ཚེས5ཉིན་ངོས་འཛིན་བྱས་པ་ལྟར་ན། རྒྱལ་ཁབ་དེའི་ནུབ་བྱང་རྒྱུད་ཀྱི་ཨ་ཁི་ལི་མངའ་སྡེ་ཡི་ལྟེ་བའི་གྲོང་ཁྱེར་ལི་ཨའོ་པུའུ་ལང་ཁུའུ་ཡི་སློབ་གྲྭ་ཞིག་ཏུ། ཉིན་དེར་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་སྐྱོན་བཟོས་ཡོད། དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་པ་རེད།    

པར་ཙིར་གྱི་ཁྱད་རིགས་ཉེན་རྟོག་པའི་འགུལ་སྐྱོད་དཔུང་སྡེའི་བཀོད་འདོམས་དཔོན་ཧྥེ་ལི་ཕེ.ལུའུ་སུའོ་ཡིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ལོ13གྱི་སློབ་མ་ཞིག་གིས་ཁྱིམ་ནས་མེ་མདའ་འཁྱེར་ནས་སློབ་གྲྭ་རུ་བསྐྱོད་དེ། སློབ་གཙོའི་གཞུང་སྒྲུབ་ཁང་དུ་སྐྱོད་པའི་བར་ཁྱམས་སུ་མེ་མདས་བརྒྱབ་སྟེ། དགེ་རྒན་ལས་བཟོ་བ་གཉིས་རྐྱེན་ལམ་དུ་ཤོར་བ་དང་སློབ་མ་མང་པོར་རྨས་སྐྱོན་བཟོས་པ་རེད་ཟེར།

སྲོག་ཉེན་ལས་ཐར་བའི་དངོས་སུ་མཐོང་མཁན་གྱིས་བཤད་ན། འཇབ་རྒོལ་བྱུང་བའི་དུས་སུ་སློབ་མ་ཚོ་ཧ་ཅང་སྐྲག་ནས་གཅིག་རྗེས་གཉིས་མཐུད་ངང་ཁ་སྦུབ་ཏུ་འགྱེལ་ནས། རྐུབ་སྟེགས་ཀྱིས་ལུས་པོ་བཀབ་པ་ཡིན་ཟེར།      

ཉེན་རྟོག་ཕྱོགས་ཀྱིས་རྨས་མ་སྨན་ཁང་དུ་བསྐྱལ་ནས་སྐྱོབ་བཅོས་བྱས་པ་དང་། ཉེན་རྟོག་ཕྱོགས་དང་ཁྲིམས་དཔྱད་སྨན་པའི་ཆེད་མཁས་ཚན་ཆུང་གིས་བརྟག་དཔྱད་བྱེད་ཀྱིན་ཡོད་ཟེར། 

མཚོ་མོ་སྐྱིད་ཀྱིས་བསྒྱུར།