ཁཱ་ལེ་པཱ་ཧྥུའུ་ཡིས་ཨ་མེ་རི་ཁས་ངེས་པར་དུ་དབྱི་ལིང་གི་ཇུས་གཞི་ལས་བཏོན་པའི་དབྱི་ལིང་མི་དམངས་ཀྱི་ཁེ་ཕན་སྣ་ཚོགས་དང་ལེན་བྱེད་དགོས་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལིང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་ཚེས12ཉིན་གྱི་ཞོགས་པར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ་བསྟན་དོན། ཨ་མེ་རི་ཁས་ངེས་པར་དུ་དབྱི་ལིང་གི་ཇུས་གཞི་དོན་ཚན་བཅུ་བཞིའི་ནང་བཏོན་པའི་དབྱི་ལིང་མི་དམངས་ཀྱི་ཁེ་ཕན་སྣ་ཚོགས་དང་ལེན་བྱེད་དགོས་ཟེར།

ཁཱ་ལེ་པཱ་ཧྥུའུ་ཡིས་བཤད་རྒྱུར། དེ་ནི་དངོས་ཡོད་ཀྱི་ཐབས་ལམ་ཉག་ཅིག་ཡིན་པ་དང་། སྒྲོམ་གཞི་དེ་དང་བྲལ་བའི་བྱེད་ཐབས་གང་ཡིན་ཡང་དོན་དངོས་ཀྱི་གྲུབ་འབྲས་ཐོབ་དཀའ་ལ། ཡང་ཡང་ཕམ་ཉེས་འབྱུང་སྲིད་ཟེར། ཁོས་ད་རུང་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་འགོར་འགྱངས་ཇི་ལྟར་བྱས་ན་ཨ་མེ་རི་ཁའི་ཁྲལ་འཇལ་མཁན་གྱིས་རིན་དོད་དེ་ལས་མཐོན་པོ་གཏོང་དགོས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།