
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས13ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་དབྱི་སི་རལ་གྱི་དམག་དོན་འཐུས་ཚབ་ཚོགས་པར་སྣེ་ལེན་བྱས་པའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་དེ་ཁས་ལེན་མ་བྱས།
གསལ་སྒྲོག་ལས་བཤད་རྒྱུར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་དབྱི་སི་རལ་གྱི་འབྲེལ་བ་ནི་མངོན་གསལ་ཡིན་པར་མ་ཟད་ཡཱ་པའོ་ལཱ་ཧན་གྲོས་མཐུན་གྱི་སྒྲོམ་གཞིའི་ནང་བཙུགས་ཡོད་པས། གསང་སྟབས་ཀྱི་བཀོད་སྒྲིག་གནས་ཚུལ་མེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དཔོན་ཕྱོགས་ཀྱིས་དངོས་སུ་སྤེལ་བའི་གནས་ཚུལ་མེད་ན། གསང་སྟབས་ཀྱི་འཚམས་འདྲི་དང་ལྐོག་ནས་བཀོད་སྒྲིག་བྱས་པའི་བཤད་ཚུལ་གང་ཡིན་ཡང་དོན་དངོས་ཀྱི་ཁུངས་ལུང་ཅི་ཡང་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།