ལའེ་སོ་ཐའོ་ཡི་གྲོས་དཔོན་གྱིས་ཀྲུང་གོའི་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་ནི་ལའེ་སོ་ཐའོ་ཡི་གཞི་རྩའི་སྲིད་ཇུས་ཡིན་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ལའེ་སོ་ཐའོ་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་སེ་ཁཱ་མཱ་ནེ་ཡིས་ཚེས13ཉིན་མཱ་སེ་ལུའུ་ནས་བསྟན་དོན། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་ནི་ལའེ་སོ་ཐའོ་ཡི་གཞི་རྩའི་སྲིད་ཇུས་ཡིན་ཟེར།

སེ་ཁཱ་མཱ་ནེ་ཡིས་ཉིན་དེར་ལའེ་སོ་ཐའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་ཀྲུང་གོ་གཅིག་གི་རྩ་དོན་གྱི་མཚམས་སྦྱོར་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ནན་གྱིས་བསྟན་དོན། ལའེ་སོ་ཐའོ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཐེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན། དེ་ནི་ཕྱི་འབྲེལ་རྣམ་པའི་ཁས་ལེན་ཅིག་ཡིན་པར་མ་ཟད། ལའེ་སོ་ཐའོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཟབ་པའི་མཚོན་རྟགས་ཤིག་ཀྱང་ཡིན་ཟེར།

ཁོས་བཤད་རྒྱུར། ཀྲུང་གོའི་འཕེལ་རྒྱས་ཉམས་མྱོར་ལས་ལའེ་སོ་ཐའོ་ལ་ཕན་ནུས་ཆེན་པོ་ཐོན་ཡོད། ཀྲུང་གོ་ནི་ལའེ་སོ་ཐའོ་ཡི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་དང་གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་འོག་གི་བློ་གཏོད་རུང་བའི་གྲོགས་པོ་ཡིན་ལ། ལའེ་སོ་ཐའོ་ཡིས་ཀྲུང་གོའི་ཉམས་མྱོང་དཔེར་བླངས་ཏེ། ཀྲུང་གོའི་བཅོས་སྐྱོང་དང་འཕེལ་རྒྱས་ཀྱི་བློ་གྲོས་ལ་སློབ་སྦྱོང་བྱེད་དགོས་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།