ནེའུ་ཙི་ལན་གྱི་འགྲིམ་འགྲུལ་དོན་རྐྱེན་ཁྲོད་ཀྲུང་གོའི་ཞང་ཀང་གི་ཡུལ་སྐོར་བ་གཉིས་རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཀྲུང་གོའི་ནེའུ་ཙི་ལན་དུ་སྡོད་པའི་ཁི་ལའེ་སི་ཐི་ཁྲི་ཆིར་སྤྱི་དོན་ཁང་གིས་ཚེས16ཉིན་བསྒྲགས་པ་ལྟར་ན། ནེའུ་ཙི་ལན་གླིང་ཕྲན་ལྷོ་མ་རུ་ཚེས15ཉིན་གྱི་ཕྱི་དྲོར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་ནས། ཀྲུང་གོའི་ཞང་ཀང་གི་ཡུལ་སྐོར་བ་གཉིས་རྐྱེན་ལམ་དུ་ཤོར་བ་ར་སྤྲོད་བྱས།

སྤྱི་དོན་ཁང་གིས་བཤད་རྒྱུར། ནེའུ་ཙི་ལན་ཉེན་རྟོག་ཕྱོགས་ཀྱི་བརྡ་ཁྱབ་སྤེལ་བར་གཞིགས་ན། འགྲིམ་འགྲུལ་དོན་རྐྱེན་དེ་སེ་ཨར་ཝུན་ས་ཁུལ་གྱི་བསྣོལ་མཚམས་ཤིག་གི་ཉེ་འགྲམ་དུ་བྱུང་བ་དང་། ཀྲུང་གོའི་ཞང་ཀང་གི་ཡུལ་སྐོར་བ་གཞན་གཉིས་ལ་རྨས་སྐྱོན་ཕོག་ཡོད་ཟེར། སྤྱི་དོན་ཁང་གིས་ཐོག་མའི་དུས་ཚོད་ནང་འཕྲལ་བསྟུན་རྐྱེན་སྲོལ་འགོ་བརྩམས་ནས། རྨས་མ་དང་དེ་མིན་ཁྱིམ་མི་ལ་དུས་ཐོག་ཏུ་གཞུང་ཚབ་ཞབས་ཞུ་དང་གཞོགས་འདེགས་འདོན་སྤྲོད་བྱས་ཟེར། 

སྤྱི་དོན་ཁང་གིས་ནེའུ་ཙི་ལན་གླིང་ཕྲན་ལྷོ་མ་སྟོན་དུས་དང་དགུན་དུས་སུ་སླེབས་པ་དང་གནམ་གཤིས་འགྱུར་ལྡོག་མང་བས། སྒེར་འཁོར་ཡུལ་སྐོར་གྱི་འགྲུལ་པས་བདེ་འཇགས་འདུ་ཤེས་མཐོར་འདེགས་ཏན་ཏིག་བྱས་ནས་འགྲིམ་འགྲུལ་དོན་རྐྱེན་མི་འབྱུང་བ་བྱེད་དགོས་ཞེས་ཡང་བསྐྱར་དྲན་སྐུལ་བྱས།

ཤ་བོ་རིན་མཚོས་བསྒྱུར།