
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས15ཉིན་སྤྱི་འབྲེལ་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཨ་རིའི་དམག་དཔུང་དང་ནི་ཀྲེ་རི་ཡ་དྲག་ཆས་དམག་དཔུང་གིས་ཉིན་དེའི་དགོང་མོར་མཉམ་འབྲེལ་ལས་འགན་ལག་བསྟར་བྱས་ཏེ། ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ཀྱི་འགོ་བ་གཉིས་པ་ཨ་པུའུ-པི་ལ་ལི·མུས་ནུའུ་ཅི་རྩ་མེད་དུ་བཏང་ཟེར།
ཐི་ལིང་ཕུའུ་ཡིས་རྩོམ་ཡིག་ནང་བཤད་རྒྱུར། ཁོས་བཀོད་འདོམས་འོག ཨ་རིའི་དམག་དཔུང་དང་ནི་ཀྲེ་རི་ཡའི་དྲག་ཆས་དམག་དཔུང་གིས“ཇུས་འགོད་ཞིབ་ཚགས་དང་རྙོག་འཛིང་ཆེ་བའི”འགན་འཁྲི་ལག་བསྟར་ཐེངས་གཅིག་བྱས་པ་དང་། “འཛམ་གླིང་སྟེང་ཆེས་འཁྲུག་ཆ་ཆེ་བའི་འཇིག་སྐུལ་པ”གཡུལ་ས་ནས“རྩ་མེད་དུ”བཏང་ཟེར།
ཐི་ལིང་ཕུའུ་ཡིས་བཤད་ཚུལ་ལྟར་ན། ཨ་པུའུ-པི་ལ་ལི·མུས་ནུའུ་ཅི་ནི“དབྱི་སི་ལན་རྒྱལ་ཁབ”ཀྱི་འགོ་བ་གཉིས་པ་ཡིན་ལ། “ཁོས་ཨ་ཧྥེ་རི་ཁ་རུ་ཡིབ་ཐུབ་སྙམ་ཡོད་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་གསང་མྱུལ་མི་སྣས་ང་ཚོར་བརྒྱུད་རིམ་ཧྲིལ་པོའི་འགྲོ་ཕྱོགས་ཤེས་རྟོགས་བྱེད་དུ་བཅུག”ཟེར། མི་དེ“རྩ་མེད་དུ་བཏང་བ”དང་བསྟུན་ནས“དབྱི་སི་ལན་རྒྱལ་ཁབ”ཀྱི“གོ་ལ་ཧྲིལ་པོའི་བྱ་སྤྱོད་ནུས་པ་ཆེས་ཆེར་ཉམས་ཞན་དུ་ཕྱིན་ཡོད”ཟེར།
ཐི་ལིང་ཕུའུ་ཡིས་དུས་མཉམ་དུ་ནི་ཀྲེ་རི་ཡ་སྲིད་གཞུང་གིས་ཐེངས་འདིའི་བྱ་སྤྱོད་ཁྲོད་མཉམ་ལས་བྱས་པར་ཐུགས་རྗེ་ཆེ་ཞུས།
ཤ་བོ་རིན་མཚོས་བསྒྱུར།