
དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀེ་ཆི་ཡིས་ཚེས15ཉིན་བསྟན་དོན། མིག་སྔར་ཨ་རི་དང་དམག་མཚམས་འཇོག་པའི་གནས་ཚུལ་ཧ་ཅང་བརྟན་པོ་མེད་ཀྱང་དབྱི་ལང་གིས་སྔར་བཞིན་དམག་མཚམས་འཇོག་རྒྱུའི་ཐད་འབད་བརྩོན་བྱས་ཏེ། ཕྱི་འབྲེལ་གྲོས་མོལ་གྱི་གོ་སྐབས་བརྩོན་ལེན་བྱེད་བཞིན་ཡོད། ཁོས་དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་མི་གཏོང་རྒྱུ་བསྐྱར་ཞུ་བྱས།
དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་ཚེས15ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱི་མཐོ་རིམ་དཔོན་པོ་ཞིག་གིས་བཤད་རྒྱུར། དབྱི་སི་རལ་གྱིས་དབྱི་ལང་ལ་དམིགས་པའི་དམག་དོན་འགུལ་སྐྱོད་བསྐྱར་དུ་སྤེལ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་དམག་དོན་འགུལ་སྐྱོད“ཉིན་ཤས་ནས་གཟའ་འཁོར་ཁ་ཤས་བར”རྒྱུན་མཐུད་ཀྱང་སྲིད། དབྱི་སི་རལ་གྱིས་ཨ་རིའི་མཐའ་མའི་ཐག་གཅོད་ལ་སྒུག་ཡོད།
ཚེས15ཉིན་ཧྥ་རན་སེའི་རྒྱལ་སྲུང་པུའུ་ཡི་དཔོན་དམག་གིས་བཤད་རྒྱུར། ཧྥ་རན་སེའི“ཏའེ་ཀའོ་ལེ”རྟགས་ཅན་གྱི་མ་གྲུ་ཨ་རབ་རྒྱ་མཚོར་འབྱོར་ནས་བཀོད་སྒྲིག་བྱས་ཡོད། ཧྥ་རན་སེས་དེའི་ཡར་སྔོན་དབྱི་ལང་ལ་ཧྥ་རན་སེ་དང་དབྱིན་ཇིས་སྣེ་ཁྲིད་དེ་ཧོར་མུའུ་ཙི་མཚོ་འགག་ཏུ་རྒྱལ་ཁབ་མང་པོའི་མཚོ་འགྲུལ་སྲུང་སྐྱེལ་འགུལ་སྐྱོད་སྤེལ་རྒྱུར་མོས་མཐུན་བྱ་རྒྱུའི་འབོད་སྐུལ་བཏང་མྱོང་། དབྱི་ལང་གིས་དེའི་སྔོན་ལ་བཤད་རྒྱུར། མཚོ་འགྲུལ་སྲུང་སྐྱེལ་ལ་ཁ་གཡར་ནས་ཁུལ་ཁོངས་ཕྱིའི་དམག་གྲུ་བཀོད་སྒྲིག་བྱེད་པའི་བྱ་སྤྱོད་གང་ཞིག་ཡིན་རུང་ཉམས་ཉེན་ཛ་དྲག་ཏུ་གཏོང་བ་དང་ཁྱད་པར་མེད།
རྒྱལ་སྤྱིའི་སྣུམ་རིན་ཚེས་15ཉིན་མངོན་གསལ་དོད་པོས་འཕར། ཉིག་ཡའོ་ཁྲོམ་ར་དང་ལོན་ཏོན་ཁྲོམ་རའི་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་སོ་སོར་4.20%དང་3.35%འཕར།